བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོཊ་ཆེན།
2016.10.03

བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ལྔ་བ་མི་ནེ་སོ་ཊར་སྐོང་ཚོགས་གནང་འདུག།
དེ་ཡང་བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ལྔ་པ་ཨ་རིའི་གྲོང་ཁྱེར་མི་ནེ་སོ་ཊ་Minnesotta་རུ་ཕྱི་ཟླ་༡༠་པའི་ཚེས་༡་ནས་༢་བར་སྐོང་ཚོགས་གནང་ཡོད་པ་རེད། ཚོགས་འདུའི་མཛད་སྒོ་གནང་རྗེས་སྐུ་ཚབ་དོན་གཅོད་དང་བོད་མི་མང་གི་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུའི་དབུ་འབྱེད་གསུང་བཤད་གནང་བ་དང་། ཤེས་རིག་སྐུ་ཚབ་ཚེ་རིང་བསམ་འགྲུབ་ལགས་ཀྱིས་ཕྱོགས་མཚུངས་གསུང་བཤད་གནང་འདུག
ལྷན་ཚོགས་ཀྱི་དམིགས་ཡུལ་ནི། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ལས་དོན་གནང་རྒྱུ་ཡིན་ཞིང་། ལྷག་པར་དུ་ཨ་རི་དང་Canadaའི་ནང་འཚར་ལོངས་བྱེད་བཞིན་པའི་ན་གཞོན་ཚོས་བོད་ཀྱི་སྐད་ཡིག་སྦྱངས་པ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པར་གསུངས་འདུག
ཨ་རི་དང་Canada་གཉིས་སུ་བོད་རིགས་འདུས་སྡོད་བྱ་ཡུལ་ཁག་གི་འཐུས་མི་གྲངས་བཞི་བཅུ་ལྷག་འདུ་འཛོམས་བྱུང་ཡོད་ཅིང་། འཐུས་མི་རྣམས་ཀྱིས་རང་རང་སོ་སོའི་ས་གནས་ཀྱི་ལས་བསྡོམས་སྙིང་བསྡུས་ཚོགས་ཐོག་ཏུ་སྙན་སེང་ཞུས་འདུག
ཉིན་གཉིས་རིང་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་ཚོགས་ཆེན་གཙོ་སྐྱོང་གནང་ཡོད་པ་དང་། ད་ལྟའི་ཆར་བྱང་ཨ་རིའི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ ༢༡་ཡོད་པ་དང་། སློབ་གྲྭ་དེ་དག་ལ་དང་བླངས་བོད་དགེ་གྲངས་༡༡༥་དང་སློབ་ཕྲུག་ཆིག་སྟོང་ལྷག་ཙམ་སློབ་ཞུགས་ཀྱིས་གཟའ་མཇུག་འཆར་ཅན་སློབ་གྲྭ་འཚོག་བཞིན་ཡོད་ཅིང་། སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་ཙམ་མ་ཟད། རིག་གཞུང་འཁྲབ་སྟོན་དང་། རོལ་ཆ། ནང་ཆོས་ངོ་སྤྲོད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ཀྱང་སློབ་འཁྲིད་གནང་བཞིན་ཡོད་འདུག