ཨ་རིའི་སྐུ་ཚབ་དོན་གཅོད་ནས་པོ་ཀྲི་ལེན་ཌིར་བོད་མིར་བཀའ་སློབ།

སྐུ་ཚབ་དོན་གཅོད་མཆོག་པོ་ཀྲི་ལེན་ཌིའི་ཁུལ་མ་ཧ་གུ་རུའི་འབུམ་ཚོགས་སུ་ཕེབས་ནས་ས་གནས་བོད་མི་ཚོར་བཀའ་སློབ་གནང་ཡོད་འདུག

2010.06.24

༄༅༎བྱང་ཨ་མི་རི་ཀར་བཅའ་ཞུགས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་མཆོག་པོ་ཀྲི་ལེན་ཌིའི་ཁུལ་མ་ཧ་གུ་རུའི་འབུམ་ཚོགས་སུ་ཕེབས་ནས་ས་གནས་བོད་མི་ཚོར་བཀའ་སློབ་གནང་ཡོད་འདུག

ཨ་རིའི་ཨི་རི་གེན་མངའ་སྡེའི་ནང་ཡོད་པའི་སྙན་བརྒྱུད་བསམ་གཏན་གླིང་ཆོས་ཚོགས་ནས་འདས་པའི་ལོ་ངོ་ལྔའི་རིང་ནས་བཟུང་ལོ་ལྟར་བོད་ཟླ་ལྔ་པའི་ནང་། མ་ཧ་གུ་རུའི་འབུམ་ཚོགས་ཚོགས་ཀྱི་ཡོད་པ་ལྟར་ལོ་འདིའི་འབུམ་ཚོགས་འདི་ཚེས་ཉི་ཤུ་རྩ་གཉིས་ནས་འགོ་ཚུགས་ཏེ་ཚེས་ ༢༧ཉིན་མཇུག་སྒྲིལ་རྒྱུ་ཡིན་འདུག ཐེངས་འདིའི་འབུམ་ཚོགས་སྐབས་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་ནས་དབུ་ཞུགས་གནང་ནས་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་ཀྱང་ཚོགས་ཞུགས་གནང་གི་ཡོད་འདུག ཡང་བཙན་བྱོལ་བོད་གཞུང་གི་དྲ་གནས་ནང་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན།

བཙན་བྱོལ་བོད་གཞུང་གི་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱང་མ་ཧ་གུ་རུའི་འབུམ་ཚོགས་སྐབས་བཅར་གནང་འདུག་པ་དང་། སྐབས་དེར་དོན་གཅོད་མཆོག་གིས་དེར་འདུས་པའི་བོད་མི་ཚོར་བཀའ་སློབ་གནང་ཡོད་པའི་ནང་དོན་གཙོ་བོར། བོད་མི་རྣམས་ནས་རིང་མིནབཀའ་བློན་ཁྲི་པའི་འོས་བསྡུའི་སྐབས་མཉམ་ཞུགས་གནང་དགོས་རྒྱུ་དང་། ལྷག་པར་དུ་མང་ཚོགས་ཀྱི་འོས་འདེམས་བྱས་པའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་ས་གནས་ཀྱི་མང་ཚོགས་རྣམས་མཉམ་ཞུགས་ཐུབ་ཐབས་སུ་ལས་འགུལ་མང་ཙམ་སྤེལ་དགོས་པའི་འབོད་སྐུལ་ནན་པོ་གནང་ཡོད་པ་རེད། པོ་ཀྲི་ལེན་ཌི་ས་གནས་སུ་བོད་མི་བཞི་བརྒྱ་ཙམ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎