བལ་ཡུལ་གྱི་རྒྱལ་སར་གཞུང་ལ་ངོ་རྒོལ་སྤེལ་བ།

བལ་ཡུལ་ནང་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་མི་སྣ་ཉི་ཤུ་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

2010.01.10

༄༅༎བལ་ཡུལ་ནང་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་མི་སྣ་ཉི་ཤུ་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

རེས་གཟའ་ཉི་མའི་ཉིན་རྒྱལ་ཞེན་མི་མང་ཚོགས་པ་རཤེ་ཊིརི་ཡ་ཇ་ན་མོར་ཆ་ཞེས་པས་རྒྱལ་ས་ཀཐ་མན་གྲུའི་ནང་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ངོ་རྒོལ་ག་ཉི་ཤུ་ལྷག་ཉེན་སྲུང་མི་སྣས་འཛིན་བཟུང་བྱས་ཡོད་འདུག ཚོགས་པ་དེས་རྒྱལ་སའི་རྫོང་ཁག་གསུམ་ནང་ངོ་རྒོལ་གྱི་ལས་འགུལ་ནང་ངོ་རྒོལ་བ་ཚོས་མོ་ཊའི་གསུམ་བཅུ་ལྷག་གཏོར་བཅོམ་བྱས་ཡོད་ལུགས་ ཀནཊི་པུར་དྲ་རྒྱས་གནས་ཚུལ་སྤེལ་ཤག་ རྒྱལ་སའི་ནང་མོ་ཊ་གཏོང་མཁན་མེད་པ་མ་ཟད་སྤྱི་སྤྱོད་འགྲིམ་འགྲུལ་ཡང་མཚམས་འཇོག་བྱེད་དགོས་བྱུང་ནས་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག་ རཤེ་ཊིརི་ཡ་ཇ་ཎ་མོར་ཆ་ཞེས་པའི་ཚོགས་པས་བལ་ཡུལ་ནང་སླད་ཕྱིན་ཆད་ནས་དབུས་གཞུང་གི་དབང་ཆ་ཆེ་རུ་གཏོང་རྒྱུར་ངོ་རྒོལ་བྱེད་མཁན་ཚོགས་པ་ཁོ་ན་དེ་ཡིན་པ་དང་ ཚོགས་པ་དེས་གལ་སྲིད་དབུས་གཞུང་གི་དབང་ཆེ་ཆེ་རུ་བཏང་ན་ ནམ་ཞིག་རྒྱལ་ཁབ་ཁ་བྲལ་དུ་འགྲོ་རྒྱུའི་ཉེན་ཁ་མཐོང་གི་ཡོད་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎