ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས།
2012.04.24
༄༅།།བོད་ཀྱི་དབུ་འཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མི་སྣ་རྣམས་ཨ་མེ་རི་ཀའི་གྲོང་ཁྱེར་ཅི་ག་གོའི་ནང་ཚོགས་ཆེན་ཐེངས་༡༢་པ་དེ་གནང་ཕྱིར་གཟའ་ཟླ་བའི་ཉིན་ལྷན་འཛོམས་གནང་འདུག ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་པའི་ལྷན་ཚོགས་དེ་བཞིན་བྱང་ཨ་མེ་རི་ཀའི་ནང་གནང་བ་ད་རེས་ཐོག་མ་དེ་ཡིན་ཞིང་སྐབས་དེར་ཨ་རིའི་སྲིད་འཛིན་ཟུར་པ་ཇི་མི་ཀ་ཀྲར་མཆོག་གིས་འཛམ་གླིང་ཞི་བདེའི་འགོ་འཁྲིད་ཡོང་ཕྱིར་ཨ་མེ་རི་ཀས་ཐབས་ལམ་ཞིག་འཚོལ་དགོས་སྐོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨུ་རུ་སུའི་སྲིད་འཛིན་ཟུར་པ་མི་ཀེལ་གོར་སྦ་ཆེལྦ་དབུས་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མི་སྣ་ལྷན་འཛོམས་གནང་ཐོག་གསུངས་འདུག་ལ་ ད་རེས་ཨ་རིའི་གྲོང་ཁྱེར་ཅི་ག་གོའི་ནང་ལྷན་འཛོམས་གནང་བའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མི་སྣ་༡༡་གིས་ཉིན་གྲངས་གསུམ་རིང་བགྲོ་གླེང་གནང་འཆར་ཡོད་ཅིང་ བགྲོ་གླེང་དེའི་བརྗོད་གཞི་ནི་རང་དབང་དང་ཐོབ་ཐང་ཆེད་བཀའ་མོལ་གནང་དགོས་ཞེས་ཡིན་པ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་བགྲོ་གླེང་ཚོགས་ཆེན་དང་བཀའ་སློབ་གསུང་བཤད་ཁག་གྲོང་ཁྱེར་དེའི་ནང་ཡོད་ཨི་ལི་ནོཨི་ཞེས་པའི་གཙུག་ལག་སློབ་གྲ་ཆེན་མོའི་ཕིལ་དྲི་འགྲེམས་སྟོང་ཁང་དང་Art Insititute of Chicago སྒྱུ་རྩལ་སྡེ་ཚན་ དེ་བཞིན་Chicago Symphony Orchestra Hall ཞེས་པའི་ཚོགས་ཁང་ཆེན་མོ་བཅས་ནང་གནང་གི་ཡོད་འདུག་ ཁ་ས་ཁོང་རྣམས་ཀྱིས་གྲོང་ཁྱེར་དེའི་ནང་གི་སློབ་གྲ་བཅུ་གྲངས་ཤིག་ལ་གཟིགས་སྐོར་ཕེབས་པ་མ་ཟད་ དགོང་དྲོ་ཨ་རིའི་སྲིད་འཛིན་ཟུར་པ་སྦིལ་ཀི་ལི་གྲན་མཆོག་གིས་གསོལ་སྟོན་གཤམས་པར་ཡང་ཕེབས་ཡོད་འདུག ཚོགས་ཆེན་དེའི་ཐོག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ཕེབས་འཆར་ཡོད་པ་རྣམས་ནི་པོ་ལེན་གྲའི་སྲིད་འཛིན་ཟུར་པ་ལེཀ་ལྦ་ལེ་ས་མཆོག་དང་བང་ག་ལ་དེ་ཤིའི་སློབ་དཔོན་ཟུར་པ་མུ་ཧ་མེརྡ་ཡུ་ནུསི་ཡོད་པ་དང་ཡང་ཨ་རིའི་གློག་བརྙན་སྒྱུ་རྩལ་ཁྲབ་སྟོན་པ་གྲགས་ཅན་ཤོན་པེན་གྱིས་དེ་སྔ་ཧེ་ཀྲིའི་ནང་ས་ཡོམ་གྱི་གོད་ཆགས་ཆེན་པོ་བྱུང་ནས་བཟུང་ཡུལ་དེའི་མི་མང་རྣམས་ལ་དཀའ་སྡུག་ངལ་སེལ་གྱི་མཐུན་འགྱུར་རོགས་རམ་མང་པོ་གནང་དང་གནང་བཞིན་ཡོད་སྟབས་ ཁོང་ལ་ཕྱི་ལོ་༢༠༡༢་ལོའི་ཞི་བདེའི་ཚོགས་ཆེན་གྱི་གཟེངས་རྟགས་བཞེས་པ་འབུལ་ལམ་ཞུ་འཆར་ཡོད་འདུག༎