ནོ་བེལ་བྱ་དགའ་དཔྱད་བསྡུར་ཚོགས་མིས་ལྐོག་རྔན་ལེན་མིན།

ནོ་བེལ་གཟེངས་བསྟོད་བྱ་དགའ་དཔྱད་བསྡུར་ཚོགས་མིས་རྒྱ་ནག་ལ་འཚམས་འདྲིར་བསྐྱོད་དེ་ལྐོག་རྔན་ལེན་པའི་འབྲེལ་བར་བརྟག་དཔྱད་བྱེད་བཞིན་པ།

2008.12.19

༄༅༎ནོ་བེལ་གཟེངས་བསྟོད་བྱ་དགའ་དཔྱད་བསྡུར་ཚོགས་མིས་རྒྱ་ནག་ལ་འཚམས་འདྲིར་བསྐྱོད་དེ་ལྐོག་རྔན་ལེན་པའི་འབྲེལ་བར་བརྟག་དཔྱད་བྱེད་བཞིན་ཡོད་འདུག

དེའང་ནོ་བེལ་ཚན་རིག་བྱ་དགའི་དཔྱད་བསྡུར་མཁན་གྱིས་རྒྱ་ནག་གཞུང་གི་སྣེ་ལེན་གདན་ཞུ་ཐེངས་མང་དང་ལེན་བྱས་ཏེ་རྒྱ་ནག་ལ་འཚམས་འདྲིར་བསྐྱོད་ནས་ལྐོག་རྔན་ལེན་ཡོད་མེད་ལ་སུའུ་ལྦི་ཌེན་ཞིབ་དཔྱོད་ཁང་ནས་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། གལ་སྲིད་ཉེས་འཛུགས་བྱས་ཚེ་དུས་བཀག་བཙོན་འཇུག་ལོ་གཉིས་ཀྱི་གནས་སྟངས་འཕྲད་སྲིད་པ་རེད། སུའུ་ལྦི་ཌེན་གཞུང་གི་ལྐོག་ཟ་ལ་རྒོལ་བའི་གྱོད་དོན་ཞིབ་དཔྱོད་དཔོན་ཉིའིར་སི་ཧྲུའུ་ཚི་ཡིས་རྣམ་པ་བསྟེན་ཡག་ལ་ནོ་བེལ་བྱ་དགའ་དཔྱད་བསྡུར་ཚོགས་མི་ཡིས་སྤྱི་ལོ་༢༠༠༦དང་༢༠༠༨ལོར་རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་ནས་རྒྱ་ནག་ཏུ་ཐེངས་ཁ་ཤས་བསྐྱོད་ཡོད་པས་དེས་བྱ་དགའ་སྤྲོད་ཡུལ་འདེམས་སྒྲུག་ལ་ཤུགས་རྐྱེན་གྱི་ཀུན་སློང་ཐེབས་ཡོད་མེད་ལ་གསལ་རྟོགས་བྱེད་ཐུབ་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་ཡོད་འདུག ནོ་བེལ་རྫས་འགྱུར་དང་དངོས་ཁམས།དཔལ་འབྱོར་བྱ་དགའི་སྤྲོད་ཐབས་ཀྱི་འགན་འཁུར་མཁན་རུའི་ཏན་གོང་མ་ཚང་གི་ཚན་རིག་ཁང་གི་གཙོ་འཛིན་ཨའོ་ཅ་སི་ཐའ་ནས་གོང་གསལ་འཚམས་འདྲི་དེ་ལྟ་བུ་ནི་འོས་ཤིང་འཚམས་པ་ཞིག་མ་རེད། ང་ཚོས་ངེས་པར་དུ་ཧ་ཅང་ཟབ་ནན་གྱི་སྒོ་ནས་ནོ་བེལ་དཔྱད་བསྡུར་ལྷན་ཁང་གི་ལས་དོན་ལ་དོགས་པ་ཡོང་གཞི་ཞིག་མི་ཡོང་བ་བྱེད་དགོས་པ་ཡིན།གལ་སྲིད་ང་ཚོས་འཚམས་འདྲི་དེའི་རིགས་སྔོན་ནས་ཤེས་རྟོགས་བྱུང་ཡོད་ན་ང་ཚོས་ཁོང་ཚོ་བསྐྱོད་རྒྱུར་སྐུལ་ལྕག་བྱེད་ཀྱི་མ་རེད་ཅེས་གསུང་གླེང་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎