ཨ་མི་རི་ཀས་པ་ཀི་སི་ཐན་ལ་མ་དངུལ་རོགས་རམ།

ཨ་མི་རི་ཀས་པ་ཀི་སི་ཐན་ལ་དམག་དོན་མ་ཡིན་པའི་སྐྱོབས་གསོའི་རོགས་དངུལ་ལྡབ་གསུམ་སྤར་གནང་རྒྱུར་གྲོས་ཚོགས་ནས་ཆོག་མཆན་ཐོབ་སྐོར།

2009.10.14

༄༅༎པ་ཀི་སི་ཐན་ལ་མ་དངུལ་རོགས་རམ་ཕོན་ཆེ་གནང་རྒྱུའི་འཆར་གཞི་བཏོན་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོན་ཀེ་རི་ཡིས་པ་ཀི་སི་ཐན་ལ་རོགས་དངུལ་སྤྲོད་རྒྱུའི་འཆར་གཞི་དེའི་རྒྱབ་ལ་པ་ཀི་སི་ཐན་གྱི་བདག་དབང་ལ་གནོད་འཚེ་བྱ་རྒྱུའི་རེ་སེམས་བཅངས་མེད་སྐོར་གསུངས་བཞག

ཨ་མི་རི་ཀས་པ་ཀི་སི་ཐན་ལ་དམག་དོན་མ་ཡིན་པའི་སྐྱོབས་གསོའི་རོགས་དངུལ་ལྡབ་གསུམ་སྤར་གནང་ནས་ལོ་ལྔའི་ནང་ཨ་རིའི་ཌོ་ལར་ཐེར་འབུམ་གཅིག་དང་ཕྱེད་ཀ་གནང་རྒྱུའི་གྲོས་འཆར་དེ་གྲོས་ཚོགས་གོང་མའི་འཐུས་མི་ཇཱོན་ཀེ་རི་དང་རི་ཆ་ཌི་ལུ་གར་རྣམ་གཉིས་ཟུང་སྦྲེལ་ཐོག་ནས་བཏོན་གནང་སྟེ་གྲོས་ཚོགས་ནས་ཆོག་མཆན་ཐོབ་ཡོད་པ་རེད།

ཀེ་རི་དང་ལུ་གར་གྱི་མཚན་ཐོག་ནས་ཡོད་པའི་ཁྲིམས་འཆར་དེའི་འོག་ཨ་མི་རི་ཀའི་རོགས་དངུལ་ཐོབ་རྒྱུར་པ་ཀི་སི་ཐན་གྱི་ངོས་ནས་ཆ་རྐྱེན་འགའ་ཤས་ཚང་བ་དགོས་རྒྱུའི་འཆར་གཞི་བཟོས་ཡོད་ཅིང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་དུས་མཚམས་དུས་མཚམས་སུ་པ་ཀི་སི་ཐན་གྱིས་ཁྲིམས་འགལ་ཐོག་ནས་རྡུལ་ཕྲན་གོ་མཚོན་ཁྱབ་གདལ་གྱི་ལས་འཆར་མེད་པ་བཟོ་གི་ཡོད་མེད་རྟོགས་ཞིབ་གནང་རྒྱུ་དང་ཡང་པ་ཀི་སི་ཐན་གྱིས་དྲག་འཐབ་ཤོག་ཁག་ལ་ངན་རྒྱབ་རོགས་རམ་བྱེད་ཀྱི་མེད་པའི་ངོས་འཛིན་ཨ་རི་ནས་ཐོབ་དགོས་ཀྱི་ཡོད་པ་སོགས་པ་ཀི་སི་ཐན་ལ་ཆ་རྐྱེན་འགའ་ཤས་ཚང་བ་དགོས་ཀྱི་ཡོད་པ་རེད། ཨ་མི་རི་ཀའི་རོགས་དངུལ་དེ་བཞིན་པ་ཀི་སི་ཐན་ནང་འཛུགས་སྐྲུན་ལས་འཆར་ཁག་མང་པོ་ཞིག་ཐོག་འགྲོ་སོང་གཏོང་གནང་རྒྱུ་ཡིན་པ་རེད།

པ་ཀི་སི་ཐན་གྱི་དམག་དོན་ཚན་པས་ཨ་རིས་བཏོན་པའི་ཆ་རྐྱེན་དེ་ཚོས་པ་ཀི་སི་ཐན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་ཡོང་རྒྱུའི་བློ་འཚབ་གསལ་བཏོན་བྱས་ཡོད་རུང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོན་ཀེ་རི་ཡིས་བདུན་སྟོན་མ་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་ནང་ཕེབས་པའི་པ་ཀི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཤའ་མེ་མུརྡ་ཁུ་རེ་ཤི་ལ་ཨ་རིས་པ་ཀི་སི་ཐན་གྱི་བདག་དབང་ལ་ཐེ་གཏོགས་བྱས་ཡོང་སྙམ་པའི་བློ་འཚབ་གནང་དགོས་དོན་མེད་སྐོར་གསལ་བཤད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎