སེམས་གཏིང་གི་སྐད་ཆ་ཚིག་གཅིག་ཀྱང་ཤོད་ཕོད་མཁན་བྱུང་མི་འདུག


2015.08.10
རྒྱ་ནག་གི་འགོ་ཁྲིད་ཙོའི་པར་སྦྱར་ཡོད་པའོ་རྔ་བ་ཕྱོགས་ཀྱི་མགྲོན་ཁང་ཞིག་དང་སྤྱིན་བདག རྒྱ་ནག་གི་འགོ་ཁྲིད་ཙོའི་པར་སྦྱར་ཡོད་པའོ་རྔ་བ་ཕྱོགས་ཀྱི་མགྲོན་ཁང་ཞིག་དང་སྤྱིན་བདག
དྲ་བཤུས་རོའུ་ཊར།

བོད་ནང་གི་འབྲོག་པ་མང་ཚོགས་ཚོས་སེམས་གཏིང་གི་སྐད་ཆ་ཕྱི་རྒྱལ་གསར་འགོད་པར་ཤོད་ཕོད་མཁན་བྱུང་མེད་པ་རེད་འདུག
དེ་ཡང་ཉེ་ཆར་ཕྱི་རྒྱལ་གསར་འགོད་པ་མདོ་སྨད་རྔ་བ་ཕྱོགས་སུ་བསྐྱོད་ཀྱང་རྒྱ་ནག་གཞུང་གིས་བྲལ་མེད་བལྟ་རྟོགས་བྱས་པར་བརྟེན་ནས་རྒྱ་ནག་གཞུང་གིས་འབྲོག་པ་གནས་སྤོ་བྱེད་པའི་སྲིད་ཇུས་དེར་འབྲོག་པ་མང་ཚོགས་ཀྱིས་སེམས་གཏིང་གི་སྐད་ཆ་ཚིག་གཅིག་ཀྱང་ཤོད་ཕོད་མཁན་བྱུང་མེད་པའི་སྐོར་དེ་རིང་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་དང་། གནས་ཚུལ་ནང་། ཉེ་ཆར་ཕྱི་ཟླ་བདུན་པའི་ནང་རྒྱ་ནག་གཞུང་གིས་གོ་བསྒྲིགས་བྱས་པའི་ཕྱི་རྒྱལ་གསར་འགོད་པ་མདོ་སྨད་རྔ་བ་ཕྱོགས་སུ་བསྐྱོད་དེ་བོད་མིར་བཅར་འདྲི་བྱས་པའི་སྐབས་ལོ་༡༩ཅན་གྱི་བློ་བསལ་བརྩོན་འགྲུས་ཀྱིས། ང་ཚོའི་འབྲོག་པའི་ས་ཁུལ་གྱི་ནང་འཛུགས་བསྐྲུན་ཡར་རྒྱས་སོགས་གང་ཡང་མེད་པའི་དཀའ་ངལ་ཆེ་བའི་སྐོར་དང་། ད་ཆ་ང་ཚོ་རི་ལ་ཕྱིན་ནས་རྟ་གཡག་སེམས་ཅན་ཕྱུགས་རྫི་བྱེད་མི་དགོས་པར་ཉིན་ལྟར་ཡུལ་སྐོར་སྤྲོ་འཆམ་པའི་མདུན་ཞབས་བྲོ་འཁྲབ་ཏེ་སྡོད་ཀྱི་ཡོད་ཅེས་ན་གཞོན་ཁོང་གིས་རྒྱ་མི་རིགས་ཡུལ་སྐོར་སྤྲོ་འཆམ་པ་མོ་ཊ་སྣུམ་འཁོར་གང་སླེབས་པ་ཚོའི་མདུན་དུ་ཞབས་བྲོ་འཁྲབ་པའི་རྗེས་འགྲེལ་བརྗོད་བྱས་ཡོད་པ་རེད་།
རོའུ་ཀྲར་གསར་འགྱུར་ལས་ཁང་གིས། བོད་མདོ་སྨད་རྔ་བ་ཕྱོགས་ནི་༢༠༠༩ལོ་ནས་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་གི་ལས་འགུལ་རྣོ་ངར་ཆེན་པོ་སྤེལ་ཡུལ་གཙོ་བོ་ཞིག་ཡིན་ཞིང་། ད་དུང་བོད་ཀྱི་འབྲོག་པ་རྣམས་ལ་འབྲོག་པའི་འཚོ་བ་སྐྱེལ་མ་བཅུག་པར་གནས་སྤོ་བྱེད་བཅུག་པའི་རྒྱ་ནག་གཞུང་གི་སྲིད་ཇུས་དེར། མང་ཚོགས་ནས་ངོ་རྒོལ་དང་སྐྱོན་བརྗོད་བྱེད་ཡུལ་རྩོད་གཞི་ཡོད་པའི་གནད་དོན་ཞིག་ཏུ་གྱུར་ཡོད་པར་བརྟེན་ནས་རྔ་པའི་བོད་མི་ན་གཞོན་དེས་བཤད་པའི་སྐད་ཆ་དེ་ནི། རྒྱ་ནག་གཞུང་གིས་འཛམ་གླིང་རྒྱལ་ཁབ་ལ་མིག་བཏོན་བྱ་རྒྱུའི་རྒྱ་ནག་ལ་དགོས་པའི་རྣམ་པ་ཞིག་ཡིན་པ་རེད་ཅེས་བཀོད་འདུག
ད་དུང་རྒྱ་ནག་གཞུང་གིས་གོ་བསྒྲིགས་བྱས་ཏེ་ཕྱི་རྒྱལ་གསར་འགོད་པ་རྔ་བ་ཕྱོགས་སུ་བསྐྱོད་མཁན་ཧ་ཅང་གི་ཉུང་ཤས་ཡིན་པ་ལྟར། ཉེ་ཆར་རྒྱ་ནག་གཞུང་གིས་རོའུ་ཀྲར་གསར་འགོད་པ་སོགས་ཕྱི་རྒྱལ་གསར་འགོད་པ་ཉུང་ཤས་ཤིག་རྔ་པའི་ཁུལ་དུ་གོ་བསྒྲིགས་བྱས་པ་དང་། བཅར་འདྲི་བྱེད་ཡུལ་ས་གནས་ཀྱི་འགོ་ཁྲིད་དང་། འབྲོག་པ་མང་ཚོགས་ཀྱང་རྒྱ་ནག་གཞུང་གིས་བཀོད་སྒྲིག་བྱས་པའི་ཁར་བཅར་འདྲི་བྱས་པའི་ལས་དོན་འགོ་ནས་མཇུག་བར་རྒྱ་ནག་གཞུང་གི་བལྟ་ཞིབ་པ་མཉམ་དུ་ཡོད་པར་བརྟེན་ནས་གསར་འགོད་པས་བཅར་འདྲི་བྱེད་པའི་སྐབས་ལ་འབྲོག་པ་གཅིག་གིས་ཀྱང་རྒྱ་ནག་གཞུང་གི་སྲིད་ཇུས་དེར་སྐྱོན་བརྗོད་བྱེད་ཕོད་མཁན་བྱུང་མེད་པ་དང་། འབྲོག་པ་མང་ཚོགས་ཀྱིས་སེམས་གཏིང་གི་སྐད་ཆ་ཚིག་གཅིག་ཀྱང་ཤོད་ཕོད་མཁན་བྱུང་མེད་པ་བཀོད་འདུག

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎