ཨ་རིའི་ནེ་ལྦཀ་གྲོང་ཁྱེར་ནང་བོད་ཀྱི་གནའ་རྫས་སྐོར་བགྲོ་གླེང༌།

ནིའུ་ཇར་སིའི་ནང་གི་དཔེ་མཛོད་ཁང་ཞིག་ཏུ་བོད་དང་བོད་ཀྱི་རྩ་ཆེའི་དངོས་རྗས་ཅེས་པའི་སྐོར་བགྲོ་གླེང་དང་ངོ་སྤྲོད་ཀྱི་གསུང་བཤད་གོ་སྒྲིག།

2011.10.20

༄༅༎ཨ་རིའི་མངའ་སྡེ་ནིའུ་ཇར་སིའི་གྲོང་ཁྱེར་ནེ་ལྦཀ་ནང་རྟེན་གཞི་བྱས་པའི་ནེ་ལྦཀ་འགྲེམས་སྟོན་ཁང་གིས་མངའ་སྡེ་དེའི་ནང་གི་ཀྲི་ནེཀ་ ཞེས་པའི་གྲོང་ཁྱེར་གྱི་དཔེ་མཛོད་ཁང་དུ་བོད་དང་བོད་ཀྱི་རྩ་ཆེའི་དངོས་རྗས་ཅེས་པའི་སྐོར་བགྲོ་གླེང་དང་ངོ་སྤྲོད་ཀྱི་གསུང་བཤད་གོ་སྒྲིག་ཞུ་རྒྱུ་ཡིན་པའི་སྐོར་གནས་ཚུལ་ཐོན་འདུག
ནེ་ལྦཀ་འགྲེམས་སྟོན་ཁང་ནི་ནིའུ་ཇར་སི་མངའ་སྡེ་ནང་གི་འགྲེམས་སྟོན་ཁང་རྒྱ་ཆེ་ཤོས་དེ་ཡིན་ཞིང་། འགྲེམས་སྟོན་ཁང་དེའི་ནང་རིག་གཞུང་དང་དངོས་རྗས་འདྲ་མིན་ཁག་༨༠ཐམ་མའི་སྡེ་ཚན་ཡོད་པ་རེད། དེའི་ཁོངས་སུ་བོད་ཀྱི་སྡེ་ཚན་དེ་བཞིན་རྒྱལ་སྤྱིའི་ཐོག་བོད་ཀྱི་དངོས་རྗས་དང་སྒྱུར་རྩལ་གྱི་འགྲེམས་སྟོན་སྣ་འཛོམས་ཆེ་ཤོས་ཤིག་ལ་ཡོངས་གྲགས་ངོས་འཛིན་བྱེད་བཞིན་ཡོད་འདུག ནེ་ལྦཀ་འགྲེམས་སྟོན་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དགའ་སྟོན་སྲུང་བརྩི་ཞུ་བཞིན་འདུག་པ་དང་། དེའི་ཁོངས་སུ་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག་ཀྲི་ནེཀ་ཞེས་པའི་ས་གནས་ཀྱི་སྤྱི་བའི་དཔེ་མཛོད་ཁང་དུ་བོད་དང་བོད་ཀྱི་དངོས་རྗས་ཅེས་བོད་ཀྱི་ལོ་རྒྱུས་དང་། བོད་མིའི་ཆོས་དང་རིག་གཞུང་། སྲོལ་རྒྱུན་གོམས་གཤིས། བོད་ཀྱི་སྒྱུ་རྩལ་དང་། བོད་མིའི་རྒྱུན་ལྡན་གྱི་འཚོ་བའི་བྱ་གཞག་སོགས དངོས་རྗས་ཀྱི་ལམ་ནས་འགྲེམས་སྟོན་གནང་བ་དང། དེ་བཞིན་མཁས་པའི་ངོ་སྤྲོད་དང་གསུང་བཤད་སོགས་གོ་སྒྲིག་ཞུ་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎