ཨ་རིའི་གཞུང་ཚབ་གསར་པ་རྒྱ་ནག་ཏུ་ཕེབས་འབྱོར་གནང་སྟེ་འགན་འཁུར་དབུ་འཛུགས་གནང་ཡོད་པ།

2022.03.05
ཨ་རིའི་གཞུང་ཚབ་གསར་པ་རྒྱ་ནག་ཏུ་ཕེབས་འབྱོར་གནང་སྟེ་འགན་འཁུར་དབུ་འཛུགས་གནང་ཡོད་པ། ཨ་མི་རི་ཀའི་རྒྱ་ནག་ཏུ་རྟེན་གཞི་བྱེད་པའི་གཞུང་ཚབ་གསར་པར་སྐུ་ཞབས་ Nicholas Burns།
ཨེ་ཨེཕ་པི།

ཨ་མི་རི་ཀའི་རྒྱ་ནག་ཏུ་རྟེན་གཞི་བྱེད་པའི་གཞུང་ཚབ་གསར་པར་སྐུ་ཞབས་ Nicholas Burnsབསྐོ་གཞག་གནང་དོན་ལྟར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་འབྱོར་གནང་སྟེ་འགན་འཁུར་དབུ་འཛུགས་གནང་ཡོད་ཅིང་།
ཨ་མི་རི་ཀའི་རྒྱ་ནག་ལས་དོན་གྱི་གཞུང་ཚབ་གསར་པ་སྐུ་ཞབས་ Nicholas Burns གྱིས་གཞུང་ཚབ་པའི་ལས་ཡུན་ནི། ཨ་མི་རི་ཀ་དང་རྒྱ་ནག་དབར་ཐེ་ཝན་དང་། ཚོང་འབྲེལ། འགྲོ་བ་མིའི་ཐོབ་ཐང་དང་། དེ་བཞིན་ཡུཀ་རན་ནང་དམག་འཁྲུགས་འབྱུང་བཞིན་པའི་རྒྱལ་ཁབ་གཉིས་བར་མི་མཐུན་པ་ཤུགས་ཆེ་ཡོད་པའི་དུས་ཤིག་ཡིན་པ་རེད།
རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ལས་ཁང་གི་མགྲིན་ཚབ་པས་གཞུང་ཚབ་པ་གསར་པ་སྐུ་ཞབས་ Burns དང་ཁོང་གི་ལྕམ་ Libbyབཅས་སྐུ་འཁོར་རྣམས་རྒྱ་ནག་གཞུང་གི་ཁྲིམས་ལུགས་བཞིན་རང་རང་སོ་སོའི་གཞུང་ཚབ་ལས་ཁང་གི་ལས་ཤག་ཏུ་བདུན་གསུམ་གྱི་རིང་ཟུར་བཀག་ཏུ་བཞུགས་དགོས་ཡོད་པའི་སྐོར་གསུངས་འདུག ཨ་མི་རི་ཀའི་རྒྱ་ནག་ཏུ་བཅའ་བཞུགས་གཞུང་ཚབ་པའི་གོ་གནས་དེ་ ༢༠༢༠ ལོའི་ཕྱི་ཟླ་བཅུ་པའི་ནང་གཞུང་ཚབ་པ་སྐུ་ཞབས་ Terry Branstad་ལགས་ལས་གནས་ནས་འཕོ་བསྒྱུར་ཕྱིན་པའི་རྗེས་ད་བར་ས་མིག་སྟོང་པར་ལུས་ཡོད་པ་རེད་འདུག གཞུང་ཚབ་པ་གསར་པ་སྐུ་ཞབས་ Burns ནི་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་གཞུང་ཞབས་རྙིང་གྲས་ཤིག་དང་། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་གནང་མྱོང་ཡོད་པ། དེ་བཞིན་ཨ་མི་རི་ཀའི་ NATO བྱང་མཚོ་ Atlantic དམག་དོན་སྒྲིག་འཛུགས་ཀྱི་སྐུ་ཚབ་པ་གནང་ཡོད། ཉེ་བའི་ཆར་ཁོང་ཨ་མི་རི་ཀའི་ Harvard གཙུག་ལག་སློབ་གཉེར་ཁང་གི་ Kennedy School ཞེས་པའི་སློབ་གྲྭའི་དགེ་རྒན་ཆེན་མོའི་ཕྱག་ལས་དང་སྲིད་འཛིན་ Joe Biden མཆོག་གི་སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་ཕྱི་སྲིད་ཐོག་སློབ་སྟོན་པའི་ཕྱག་ལས་གནང་མྱོང་ཡོད་པ་རེད། ཁོང་རྒྱ་ནག་ཏུ་ཨ་མི་རི་ཀའི་གཞུང་ཚབ་པའི་ཐུགས་འགན་བཞེས་པའི་སྐབས་འདིར་ཨ་མི་རི་ཀ་དང་རྒྱ་ནག་བར་གནད་དོན་མང་དག་ཅིག་གི་ཐོག་འཁོན་འཛིན་གྱི་རྣམ་པ་ཇེ་ཆེར་ཡོད་པ་དང་།
ལྷག་པར་རྒྱ་གར་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་ནང་དྲག་པོ་དང་དཔལ་འབྱོར་གྱི་ནུས་སྟོབས་ཐོག་འགྲན་བསྡུར་གྱི་རྣམ་པ་དེ་རྣོ་ངར་ཆེ་རུ་འགྲོ་བའི་དུས་ཤིག་ཡིན་པ་རེད།།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎