མ་འོངས་བོད་དོན་ལས་འགུལ་སྤེལ་ཕྱོགས།
2013.05.19
༄༅༎སུད་སི་ནང་དུ་ཡོད་པའི་ བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཞེས་པས་ཕྱི་ཟླ་ལྔ་པའི་ཚེས་༡༨ ཉིན་མ་འོངས་བོད་དོན་ལས་འགུལ་སྤེལ་ཕྱོགས་ཐོག་ལ་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་བཞག
ཚོགས་འདུ་དེ་ནི་སུད་སི་ནང་དུ་ཡོད་པའི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཞེས་པའི་ཚོགས་པ་དེ་ཡིས་སུད་སི་གྲོང་ཁྱེར་ཛུ་རིཁ་རུ་སྐོང་ཚོགས་གནང་ཡོད་པ་དང། ཚོགས་འདུའི་བགྲོ་གླེང་གི་བརྗོད་གཞི་ནི།་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ཆིག་སྒྲིལ་ཡོང་ཐབས་ཞེས་པའི་ཐོག་བགྲོ་གླེང་གནང་ཡོད་ཅིང། ཚོགས་འདུ་དེའི་ཐོག་བོད་རྒྱ་འབྲེལ་མོལ་གནང་མཁན་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་
ཐུགས་འགན་བཞེས་མྱོང་མཁན་དང་ད་ལྟ་ཡོ་རོབ་དམིགས་བསལ་སྐུ་ཚབ་གནང་བཞིན་པ་སྐལ་བཟང་རྒྱལ་མཚན་ལགས་གདན་ཞུ་གནང་བ་ལྟར། ཁོང་གིས་བོད་དོན་ལས་འགུལ་རྣམ་གྲངས་ཤིག་ཏུ་ངོས་འཛིན་མ་བྱས་པར།་ལས་འགུལ་ཇི་ལྟ་བུ་ཞིག་སྤེལ་བར་དམིགས་ཡུལ་དང་འཆར་གཞི་ལྡན་པ་ཞིག་དགོས་པའི་སྐོར་གཏམ་བཤད་གནང་ཡོད་པ་རེད།
བགྲོ་གླེང་ཚོགས་འདུ་དེའི་ཐོག་ཡོ་རོབ་དམིགས་བསལ་སྐུ་ཚབ་དང། ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་པའི་ཚོགས་གཙོ། ས་གནས་བེུད་ཚོགས་པའི་སྐུ་ཚབ། ཡོ་རོབ་མདོ་ཁམས་ཆུ་བཞི་སྒང་ཚོགས་པའི་ཚོགས་གཙོ། ས་གནས་མདོ་སྨད་ཚོགས་པའི་སྐུ་ཚབ་སོགས་གཙོས་པའི་ཁྱོན་ཚོགས་ཞུགས་པ་མི་གྲངས་༧༠ ལྷག་ཕེབས་ཡོད་པ་རེད།།