བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་གསར་པ།

བཙན་བྱོལ་བོད་མི་དམངས་སྤྱི་འཐུས་སྤེན་པ་ཚེ་རིང་ལགས་ནས་གྲོས་ཚོགས་སྐབས་བཅུ་བཞི་པའི་ཚོགས་གཙོ་གསར་པའི་དམ་འབུལ་ཞུས་ཡོད་པ་རེད།

2008.12.16

༄༅༎བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་མདོ་སྨད་སྤྱི་འཐུས་སྤེན་པ་ཚེ་རིང་ལགས་ནས་དེ་རིང་གཟའ་མིག་དམར་ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་དུ་གྲོས་ཚོགས་སྐབས་བཅུ་བཞི་པའི་ཚོགས་གཙོ་གསར་པའི་དམ་འབུལ་ཞུས་ཡོད་པ་རེད།

དམ་འབུལ་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས།སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་བཀའ་སློབ་རྣམ་པ་ཚོགས་བཅར་ཞུས་ཡོད་འདུག

༢༠༠༥ལོར་སྐབས་བཅུ་བཞི་པའི་སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་ཟིན་རྗེས་ལོ་དེ་གའི་ཕྱི་ཟླ་ལྔ་པའི་ནང་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཚོགས་གཙོའི་འོས་འདེམས་གནང་སྐབས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང་སྤྱི་འཐུས་སྤེན་པ་ཚེ་རིང་ལགས་གཉིས་སུ་ལ་ཡང་འོས་ཤོག་མང་མོས་མ་ཐོབ་སྟབས་དབུས་འོས་བསྡུ་ལས་ཁང་དང་གོ་བསྡུར་གནང་སྟེ་ཁོང་གཉིས་རེ་མོས་ཀྱི་ཐོག་ནས་སྤྱི་འཐུས་ཀྱི་ཚོགས་གཙོ་གནང་རྒྱུར་མོས་མཛུན་བྱུང་ཞིང་ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་ཀྱིས་ཚོགས་གཙོའི་ལས་འགན་ལོ་གཉིས་དང་ཕྱེད་ཀའི་རིང་བཞེས་རྗེས་ཁོང་གི་ལས་རྒྱུན་འདི་ལོ་ཕྱི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་མཇུག་བསྒྲིལ་ཡོད་པ་དང་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཀྱི་དུས་ཡུན་མ་རྫོགས་བར་ཚོགས་གཙོའི་ལས་འཁུར་བཞེས་རྒྱུ་ཡིན་འདུག

ཚོགས་གཙོ་གསར་པ་སྤེན་པ་ཚེ་རིང་ལགས་ཚོགས་གཙོའི་ལས་འགན་མ་བཞེས་གོང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་ཡིན་པ་དང་ཁོང་སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པ།བཅུ་བཞི་པ་བཅས་ཀྱི་མདོ་སྨད་སྤྱི་འཐུས་སུ་འོས་འདེམས་བྱུང་ཡོད་པ་རེད།

ཚོགས་གཙོ་གསར་པ་སྤེན་པ་ཚེ་རིང་ལགས་ནི་བཙན་བྱོལ་དུ་སྐྱེས་འཚར་བྱུང་བའི་བོད་པའི་མི་ཐོག་གི་ཚོགས་གཙོ་དང་པོ་དེ་ཆགས་ཤིང་ཁོང་ཕྱི་ལོ་༡༩༦༧ལོར་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་གཞིས་ཆགས་སུ་འཁྲུངས་པ་དང་སྤེལ་ཀོབ་གཏན་སློབ་དུ་གཞི་རིམ་དང་སློབ་གྲྭ་ཆེ་བར་ལོ་བཅུ་གཉིས་རིང་སློབ་སྦྱོང་གནང་རྗེས་མ་ཌ་ར་སེ་ཁི་རི་ཤེན་མཐོ་རིམ་སློབ་གྲྭ་ནས་དཔལ་འབྱོར་ལས་རིམ་གྱི་སློབ་ཐོན་ལག་འཁྱེར་བཞེས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎