བོད་ནང་དགེ་འདུན་པ་ཁག་གིས་ཆོས་དད་རང་དབང་ཆེད་ངོ་རྒོལ།

བོད་ཀྱི་མདོ་སྨད་རྔ་པ་ཁུལ་གྱི་དགེ་འདུན་པ་ཁག་ཅིག་གིས་རྒྱ་ལམ་ཐོག་ཆོས་དད་རང་དབང་དགོས་ཞེས་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།

2009.03.01

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་མདོ་སྨད་རྔ་པ་ཁུལ་གྱི་དགོན་སྡེ་ཁག་ལ་བོད་ཀྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་སུ་མ་བཅུག་པར་བཀག་འགོག་བྱས་པའི་རྗེས་དགེ་འདུན་པ་ཁག་ཅིག་གིས་རྒྱ་ལམ་ཐོག་ཆོས་དད་རང་དབང་དགོས་ཞེས་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།

འདི་ག་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་རོའུ་ཀྲར་གསར་འགྱུར་ལས་ཁང་ལ་དེ་རིང་སྔ་དྲོ་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་དུ་ཡོད་པའི་བོད་ཀྱི་མདོ་སྨད་རྔ་པ་ཁུལ་གྱི་སེར་དགོན་པའི་དགེ་འདུན་པ་མང་པོ་ཞིག་དགོན་པའི་འདུ་ཁང་དུ་འདུ་འཛོམས་ཀྱིས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་པའི་སྐབས་དགེ་འདུན་པ་རྣམས་འདུ་ཁང་གི་ཕྱིར་ལོག་ཏུ་འདོན་དུ་བཅུགས་ཏེ་སྨོན་ལམ་ཚོགས་བཅུག་མེད་པར་བརྟེན་དགེ་འདུན་པ་ལྔ་བཅུ་ཙམ་སེར་དགོན་པའི་ཉེ་ཁྲིད་ཀྱི་རྒྱ་ལམ་ཐོག་འདུ་འཛོམས་ཀྱིས་ཆོས་དད་རང་དབང་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་ཅིང་ཡིན་ནའང་རྒྱ་མིའི་ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་གྱི་དགེ་འདུན་པ་རྣམས་རྒྱ་ལམ་ཐོག་མུ་མཐུད་བསྐྱོད་དུ་མ་བཅུག་པ་བཀག་འགོག་བྱས་པ་དང་ད་ཆ་དགོན་པར་དམ་བསྒྲགས་བྱས་པ་མ་ཟད་ཉེན་རྟོག་པ་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། རོའུ་ཀྲར་གསར་འགྱུར་ལས་ཁང་གིས་རྔ་པ་ཁུལ་ནང་གནས་སྡོད་མི་དམངས་འགའ་ཤས་ལ་ངོ་རྒོལ་གྱི་དོན་རྐྱེན་དེའི་སྐོར་འདྲི་རྩད་བྱས་ཀྱང་གནས་ཚུལ་ཤོད་མཁན་ཞིག་བྱུང་མེད་ཅིང་ཡིན་ནའང་དེ་སྔ་ཕྱི་ལོ་ལྔ་དགུ་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་བོད་མི་ཚོས་རྒྱ་ནག་བཙན་འཛུལ་པར་ངོ་རྒོལ་བྱས་ཏེ་མི་ལོ་ལྔ་བཅུ་འཁོར་ལ་ཉེ་བའི་སྐབས་དེར་ངོ་རྒོལ་གྱི་ལས་འགལ་གཞི་རྒྱ་ཆེ་ཆུང་ལ་མི་ལྟོས་པའི་བོད་ཀྱི་ས་ཁུལ་ཁག་ཅིག་ནང་མུ་མཐུད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་བཞིན་ཡོད་ཅིང་རེས་གཟའ་པ་སངས་ཉིན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཆིག་སྟོང་ཙམ་ཞིག་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚུགས་དགོས་པའི་རྣམ་འགྱུར་བཏོན་པར་བཀག་འགོག་བྱས་པར་བརྟེན་ནས་དགེ་འདུན་པ་ཞིག་གིས་ཆོས་དད་རང་དབང་མེད་པར་ངོ་རྒོལ་ཆེད་རང་ལུས་མེ་བསྲེགས་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎