ལྷོ་ཁོ་རི་ཡའི་ལོ་རྒྱུས་སྟེང་གི་བུད་མེད་སྲིད་འཛིན་ཐོག་མ།

ལྷོ་ཁོ་རི་ཡའི་གཞུང་འཛིན་རྒྱལ་ཁབ་གསར་བ་ཚོགས་པའི་སྲིད་འཛིན་འོས་མི་ཕཱ་ཀུན་ཧས་སྲིད་འཛིན་འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་ནས་ལྷོ་ཁོ་རི་ཡའི་ལོ་རྒྱུས་སྟེང་གི་བུད་མེད་སྲིད་འཛིན་ཐོག་མ་རུ་གྱུར།

2012.12.19

new leader of South Korea

དེ་ཡང་ཕྱི་ཚེས་༡༩ཉིན་འོས་འདེམས་ལ་རྒྱལ་ཁ་ཐོབ་རྗེས་ཕཱ་ཀུན་ཧས་ཀྱིས་མང་ཚོགས་ལ་གསུངས་རྒྱུར། འདི་ནི་མི་དམངས་ཚོའི་རེ་འདུན་གྱིས་བསྐྲུན་པའི་རྒྱལ་ཁབ་ཅིག་ཡིན་ལ། མི་དམངས་ཀྱིས་གྱོང་ཉེན་ལས་ཐར་རྒྱུར་རེ་སྒུག་བྱས་ཡོད་པ་ཇི་བཞིན་ལྷོ་ཁོ་རི་ཡའི་དཔར་འབྱོར་སླར་གསོ་ཡོང་ངེས་ཡིན་ཞེས་བརྗོད་འདུག

ཕཱ་ཀུན་ཧས་ནི་ལྷོ་ཁོ་རི་ཡའི་དམག་དོན་སྒེར་གཅོད་པ་ཟུར་བ་ཕཱ་ཇོན་ཧེ་ཡི་བུ་མོ་ཡིན་ཞིང་། གདན་དོན་དབྱེ་ཞིབ་པས་ཕཱ་ཀུན་ཧས་ལ་ད་ཐེངས་སྲིད་འཛིན་དུ་གདམ་ནི་ཁོང་མོའི་ཨ་ཕ་ཕཱ་ཇོན་ཧས་ཀྱི་ཆབ་སྲིད་ཤུལ་རྒྱུན་གྱི་ཤུགས་རྐྱེན་དང་རག་ལས་ཡོད་ཅེས་བརྗོད་འདུག

ཁོང་མོའི་ཨ་ཕ་ཕཱ་ཇོན་ཧེ་ཡིས་དེ་སྔོན་ལྷོ་ཁོ་རི་ཡའི་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་ན་ཡང་། དུས་མཉམ་དུ་ངོ་རྒོལ་ཚོགས་ཁག་ལ་དྲག་གནོན་བྱས་ཡོད།

ཤན་སྦྱར་དུ་གྱུར་བ་ཞིག་ནི་ཁོང་མོའི་འགྲན་ཡ་ལྷོ་ཁོ་རི་ཡ་དམངས་གཙོ་མཉམ་གནས་ཚོགས་པའི་འོས་མི་ནི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞིག་ཡིན་ཞིང་། ཕྱི་ལོ་༡༩༧༠ལོར་ཁོང་མོའི་ཨ་ཕ་ཕཱ་ཇོན་ཧས་ཀྱི་སྲིད་དབང་སྐབས་འཛིན་བཟུང་གིས་དུས་ཐང་རིང་བཀག་ཉར་བྱས་མྱོང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎