རྒྱ་ནག་གིས་བོད་ནང་དམ་དྲག་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།


2015.08.20
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༣།༣ ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༣།༣
བོད་འབྱོར

བོད་རང་སྐྱོང་ལྗོངས་ཞེས་པ་ཚུཊ་པའི་དུས་ཆེན་རིང་བོད་ནང་དམ་དྲག་ཇེ་ཆེར་གཏོང་རྒྱུ་ཡིན་པར་སྐྱོན་བརྗོད་བསྒྲགས་གཏམ་སྤེལ་འདུག
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠་འཁོར་བའི་དུས་སྟོན་དང་འབྲེལ་ནས་བོད་མིར་མནར་གཅོད་དང་། འཛམ་གླིང་ལ་བསླུ་བྲིད་བྱེད་བཞིན་འདུག་ཅེས་སྐྱོན་བརྗོད་བསྒྲགས་གཏམ་སྤེལ་ཡོད་པ་དང་། དེ་ནི་ཟླ་བ་འདིའི་ཚེས་༡༡ཉིན་རྒྱ་ནག་དབུས་ཡིག་ཟམ་ལས་ཁང་གིས་བཀའ་ཁྱབ་ཞིག་བཏང་ཡོད་པའི་ནང༌། འདི་ལོའི་ཕྱི་ཟླ་༨ པའི་ཚེས་༢༠ནས་འགོ་འཛུགས་ཀྱི་ཕྱི་ཟླ་༩ པའི་ཚེས་༡༢བར། བོད་རང་སྐྱོང་ལྗོངས་དབུ་བསྙེས་ནས་མི་ལོ་༥༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་རིང༌། བོད་དང་ཕྱི་ཕྱོགས་དབར་གྱི་སྦྲགས་ལམ་དང་། ཏར་འཕྲིན་འགྲོ་འོང་ཐོག་དམ་དྲགས་དང་རྟོགས་ཞིབ་ནན་པོ་བྱེད་རྒྱུ་ཡིན་པ་དང༌། དམིགས་བསལ་སྦྲགས་ལམ་རྒྱུད་ནས་བོད་ལ་ཡིག་ཆའི་རིགས་དང༌། གྲི་དང༌། འབར་རྫས། རྫས་སྦྱོར་སོགས་ཉེན་ཁ་བཟོ་གཞིའི་གོ་མཚོན་སོགས་རྩ་བ་ནས་གཏོང་རྒྱུ་མིན་པ་མ་ཟད། དུས་དྲན་སྲུང་བརྩིའི་སྐབས་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་དང༌། སློབ་གྲ  ཟ་ཁང༌བཅས་པ་གང་སར་ཉེན་རྟོག་པ་དང་དམག་མི་འགྲེམ་འཇོགས་ཀྱིས་མང་ཚོགས་ཐོག་མྱུལ་ཞིབ་དང་། དམ་དྲག་བྱ་རྒྱུ་ཡིན་པའི་བཀའ་ཁྱབ་བཏང་ཡོད་པའི་རྐྱེན་གྱིས་ཡིན་འདུག
ཕྱི་ལོ་ ༡༩༦༥ ལོའི་ཟླ་ ༩ ཚེས་ ༡ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་པོའི་སྲིད་དབང་ཡོངས་བསྒྲགས་ཐོག་བཙུགས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་དབང་འཛིན་པ་སྟེ་དམར་ཤོག་དྲུང་ལ། དེ་སྔོན་བོད་དུ་དམག་དཔུང་དྲངས་ཏེ་དམར་གསོད་དྲག་གནོན་བྱེད་མཁན་གྱི་དམག་དཔོན་གཙོ་བོ་ཀྲང་ཅན་ཝུ་བསྐོ་བཞགས་བྱས་ཡོད། དེ་ནས་བཟུང་ད་ལྟའི་བར་བོད་རང་སྐྱོང་ལྗོངས་ལ་སྔ་ཕྱིར་དམར་ཤོག་དྲུང་ཆེ་རིམ་པ་ ༡༣ ལྷག་བསྐོ་བཞག་བྱས་ཡོད་པའི་གྲས་སུ། བོད་རིགས་གཅིག་ཀྱང་བསྐོ་བཞག་བྱས་མྱངས་མེད་པ་མ་ཟད། ཁོངས་གཏོགས་ས་ཁུལ་དང་རྫོང་རིམ་པའི་གནད་དོན་གོ་གནས་ཕེལ་ཆེ་བར་ཡང་རྒྱ་རིགས་ཁོ་ན་བསྐོ་བྱས་ཡོད། དེར་མ་ཟད་བོད་རང་སྐྱོང་ལྗོངས་ཕྱི་ལོག་གི་བོད་ཀྱི་ས་ཁུལ་གཞན་དག་ཏུའང་། དེ་དང་གཅིག་མཚུངས་ཀྱིས་གནད་ཡོད་དཔོན་གནས་ཕལ་ཆེ་བར་རྒྱ་རིགས་ཁོ་ན་མ་གཏོགས་བོད་རིགས་བསྐོ་བཞག་བྱེད་ཀྱིན་མེད་པ་རེད།
རྒྱ་གཞུང་གིས་བོད་ས་ཡོངས་ལ་བཙན་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ལག་བསྟར་བྱས་པ་ནས་ད་ལྟའི་བར། བོད་མི་སེར་སྐྱ་མང་ཚོགས་ཀྱིས་ཕྱི་ལོ་ ༡༩༥༩ ལོའི་གསུམ་བཅུའི་ཡར་ལངས་དང་། ༡༩༨༩ ལོའི་བོད་ཀྱི་རྒྱལ་ས་ལྷ་སའི་ཡར་ལངས། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ། བོད་མིའི་ཞི་བའི་རང་ལུས་མེར་བསྲེགས་བཅས་ཀྱིས་མཚོན་པའི། མང་ཚོགས་རང་བཞིན་གྱི་ཞི་བའི་ངོ་རྒོལ་དང་། མི་སྒེར་རེ་རེའི་ངོས་ནས་རྣམ་པ་མི་འདྲ་བའི་ཞི་རྒོལ་སོགས་ཟམ་མ་ཆད་པར་བྱུང་ཡོད་ལ། ད་ལྟའི་ཆར་བོད་ཀྱི་ས་ཁུལ་གང་སར་རྒྱ་གཞུང་གིས་དམག་མི་འབོར་ཆེན་འགྲེམས་འཇོག་གིས་དམག་ས་ལྟ་བུར་བསྒྱུར་ཡོད། ལྷག་པར་དུ་བོད་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་ ༡༤༢ བྱུང་ཡོད་པ་དང་། ད་ལྟའི་ཆར་རྒྱའི་བཙོན་འོག་ཏུ་བོད་མི་ཆབ་སྲིད་བཙོན་པ་གྲངས་ ༢༡༣༩ ལྷག་མུ་མཐུད་མནར་གཅོད་མྱོང་བཞིན་ཡོད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཕྱི་ལོ་༡༩༦༥ ལོའི་ཟླ་༩ ཚེས་༡ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་པོའི་སྲིད་དབང་ཡོངས་བསྒྲགས་ཐོག་བཙུགས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་དབང་འཛིན་པ་སྟེ་དམར་ཤོག་དྲུང་ལ། དེ་སྔོན་བོད་དུ་དམག་དཔུང་དྲངས་ཏེ་དམར་གསོད་དྲག་གནོན་བྱེད་མཁན་གྱི་དམག་དཔོན་གཙོ་བོ་ཀྲང་ཅན་ཝུ་བསྐོ་བཞག་བྱས་ཡོད། དེ་ནས་ད་བར་བོད་རང་སྐྱོང་ལྗོངས་ལ་སྔ་ཕྱིར་དམར་ཤོག་དྲུང་ཆེ་རིམ་པ་༡༣ ལྷག་བསྐོ་བཞག་བྱས་ཡོད་པའི་གྲས་སུ། བོད་རིགས་གཅིག་ཀྱང་བསྐོ་བཞག་བྱས་མེད་ཚུལ་འཁོད་འདུག
ད་དུང་རྒྱ་གཞུང་གིས་བོད་ས་ཡོངས་ལ་བཙན་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ལག་བསྟར་བྱས་པ་ནས་ད་ལྟའི་བར། བོད་མི་སེར་སྐྱ་མང་ཚོགས་ཀྱིས་ཕྱི་ལོ་༡༩༥༩ ལོའི་གསུམ་བཅུའི་ཡར་ལངས་དང་། ༡༩༨༩ ལོའི་བོད་ཀྱི་རྒྱལ་ས་ལྷ་སའི་ཡར་ལངས། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ། བོད་མིའི་ཞི་བའི་རང་ལུས་མེར་བསྲེགས་བཅས་ཀྱིས་མཚོན་པའི། མང་ཚོགས་རང་བཞིན་གྱི་ཞི་བའི་ངོ་རྒོལ་དང་། མི་སྒེར་རེ་རེའི་ངོས་ནས་རྣམ་པ་མི་འདྲ་བའི་ཞི་རྒོལ་སོགས་ཟམ་མ་ཆད་པར་བྱུང་ཡོད་ལ། ད་ལྟའི་ཆར་བོད་ཀྱི་ས་ཁུལ་གང་སར་རྒྱ་གཞུང་གིས་དམག་མི་འབོར་ཆེན་འགྲེམས་འཇོག་གིས་དམག་ས་ལྟ་བུར་བསྒྱུར་ཡོད། ལྷག་པར་དུ་བོད་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་༡༤༢ བྱུང་ཡོད་པ་དང་། ད་ལྟའི་ཆར་རྒྱའི་བཙོན་འོག་ཏུ་བོད་མི་ཆབ་སྲིད་བཙོན་པ་གྲངས་ ༢༡༣༩ ལྷག་མུ་མཐུད་མནར་གཅོད་མྱོང་བཞིན་ཡོད་ཅེས་སོགས་འཁོད་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎