ཡེ་ཤེས་སྤེན་པ་དམ་པའི་དཔེ་དེབ་དབུ་འབྱེད་གནང་འདུག


2017.02.24
སྲིད་སྐྱོང་མཆོག་གིས་༼བྱ་དེ་ཁྲུང་ཁྲུང་དཀར་མོ།  ཤོག་རྩལ་ང་ལ་གཡར་དང་། ༽ཞེས་པའི་དཔེ་དེབ་གསར་བ་དབུ་འབྱེད་གནང་སྐབས། ༢༠༡༧།༢།༢༣ སྲིད་སྐྱོང་མཆོག་གིས་༼བྱ་དེ་ཁྲུང་ཁྲུང་དཀར་མོ། ཤོག་རྩལ་ང་ལ་གཡར་དང་། ༽ཞེས་པའི་དཔེ་དེབ་གསར་བ་དབུ་འབྱེད་གནང་སྐབས། ༢༠༡༧།༢།༢༣
སངས་རྒྱས་རྡོ་རྗེ།/RFA

སྲིད་སྐྱོང་མཆོག་གིས་༼བྱ་དེ་ཁྲུང་ཁྲུང་དཀར་མོ།  ཤོག་རྩལ་ང་ལ་གཡར་དང་། ༽ཞེས་པའི་དཔེ་དེབ་གསར་བ་དབུ་འབྱེད་གནང་འདུག
སྲིད་སྐྱོང་མཆོག་གིས་སྨན་པ་ཚེ་དབང་ཡེ་ཤེས་སྤེན་པ་དམ་པ་དེས་དབྱིན་ཡིག་ཐོག་བརྩམས་པའི་༼བྱ་དེ་ཁྲུང་ཁྲུང་དཀར་མོ།  ཤོག་རྩལ་ང་ལ་གཡར་དང་། ༽ཞེས་པའི་དཔེ་དེབ་ཞིག་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་རྩོམ་པ་པོའི་བུ་མོ་ལྷ་མོ་སྤེན་པ་ལགས་དང་། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། རྒྱ་གར་གྱི་སྙན་ངག་པ་དང་ཤེས་ཡོན་ཁེ་ལས་པ་ཤེ་ལི་བྷོ་ཡེལ་Shelly Bhoil རྩོམ་པ་པོ་བུ་ཆུང་ལྡུམ་རྭ་ལགས་ཀྱིས་གཙོས་དོན་གཉེར་ཅན་ཁག་གཅིག་ལྷན་འཛོམས་གནང་འདུག  
འདི་ནི་ཁོང་གི་དཔེ་དེབ་གསུམ་པ་དེ་ཡིན་ཞིང་། ཤོག་གྲངས་༤༦༨ ཅན་གྱི་དཔེ་དེབ་འདིའི་ནང་དོན་གཙོ་བོ་ཁམས་ཉག་རོང་ས་ཆ་ནས་བྱུང་བའི་གྲོགས་པོའི་མཛའ་བརྩེའི་སྐོར་གྱི་གཏམ་བརྒྱུད་ཅིག་གཞིར་བཟུང་སྟེ་བྲིས་ཡོད་པ་དང་། དེ་ཡང་ཨ་རི་ནས་ཡེ་ཤུ་ཆོས་སྤེལ་མཁན་གཉིས་བོད་དུ་ཕྱིན་ཏེ། ཉག་རོང་ས་ཆའི་དཔོན་པོའི་བུ་དང་ཡེ་ཤུ་ཆོས་སྤེལ་མཁན་གྱི་བུ་གཉིས་རྩེད་གྲོགས་ཆགས་པ་དང་། སྐབས་དེར་རྒྱ་མིས་བོད་ལ་བཙན་འཛུལ་བྱས་པའི་སྐོར་སོགས་དཀྱུས་གཅིག་ཏུ་བྲིས་ཡོད་འདུག
སྨན་པ་ཚེ་དབང་ཡེ་ཤེས་སྤེན་པ་ལགས་ནི་ཕྱི་ལོ་༡༩༣༢་ལོར་རྒྱང་རྩེར་འཁྲུངས་ཤིང་། ཕྱི་ལོ་ ༢༠༡༡་ཕྱི་ཟླ་༡༡་ཚེས་༢༦་ཉིན་སྐུ་གྲོངས་ཡོད་འདུག   
ཁོང་གིས་ཐོག་མར་རྒྱ་གར་ནང་དུ་སློབ་གཉེར་གནང་རྗེས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོནན་གཙུག་ལག་སློབ་ཆེན་དུ་ཕེབས་ནས། ཕྱི་ལུགས་གཤག་བཅོས་རབ་འབྱམས་པ་MBBS་ཞེས་པའི་བསླབ་པ་མཐར་སོན་པ་མ་ཟད། ལོན་ཌོན་གཙུག་ལག་སློབ་ཆེན་གྱི་གཤག་བཅོས་ཚན་པས་ཁོང་ལ་Hallet Prize་ཞེས་པའི་གཟེངས་རྟགས་ཤིག་ཀྱང་ཕུལ་མྱོང་ཡོད་འདུག  

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎