མཉམ་འབྲེལ་རྒྱལ་ཚོགས་དྲང་བདེན་ག་རེ་རེད་དམ་ཞེས་པའི་དཔེ་དེབ།
2012.06.02
༄༅༎ཕྱི་ཟླ་དྲུག་པའི་ཚེས་༢ཉིན་རྡ་ས་དབུས་སྨན་རྩིས་ཁང་གི་ཚོགས་ཁང་དུ་ཆབ་སྲིད་བཙོན་ཟུར་དགའ་ལྡན་དགོན་པའི་དགེ་འདུན་བག་གྲོ་ལགས་ཀྱིས་རྩོམ་སྒྲིག་གནང་བའི་མཉམ་འབྲེལ་རྒྱལ་ཚོགས་དྲང་བདེན་ག་རེ་རེད་དམ་ཞེས་པའི་དཔེ་དེབ་དབུ་འབྱེད་བྱས་ཡོད་པ་དང༌། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས། གསར་འགོད་པ་ཁག་གཅིག་ལྷན་འཛོམས་གནང་ཡོད་འདུག
དཔེ་དེབ་རྩོམ་པ་པོས། ངོ་སྤྲོད་གནང་ཡོད་པའི་ནང་ང་རང་རིང་མིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གཞུང་ཚབ་ཁག་ལ་ཆེད་བཅར་གྱིས་དེབ་འདི་དང་ཞུ་སྙན་ཞིག་ཡོད་པ་འདི་ཕུལ་ཏེ་ བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་གནང་རོགས་ཞེས་འབོད་སྐུལ་ཞུ་བར་འགྲོ་རྒྱུ་ཡིན་ཞེས་ངོ་སྤྲོད་བརྗོད་འདུག།