༸གོང་ས་མཆོག་གིས་ལོ་སི་ཨེན་ཇེ་ལེསི་ནང་གསུང་བཤད་སྩལ་རྒྱུ།

༸གོང་ས་མཆོག་གིས་ཨ་རིའི་ལོསེ་ཨེན་ཇེ་ལེསི་གྲོང་ཁྱེར་དུ་ཤེས་རབ་ངོ་མ་ག་རེ་རེད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་སྩལ་གནང་རྒྱུ།

2011.02.26

༄༅༎ད་ལོའི་ཕྱི་ཟླ་༥པའི་ཚེས་༢ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་ནུབ་ཕྱོགས་ ཀེལི་ཕོར་ཎི་ཡ་མངའ་སྡེའི་གྲོང་ཁྱེར་ལོ་སེ་ཨེན་ཇེ་ལེསི་ནང་རྟེན་གཞི་བྱས་པའི་གཙུག་ལག་སློབ་གྲའི་ནང་What is true wisdomའམ་ཤེས་རབ་ངོ་མ་ག་རེ་རེད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་སྩལ་གནང་མཛད་རྒྱུ་ཡིན་པ་གཙུག་ལག་སློབ་གྲའི་གསར་ཤོག་ལ་གནས་ཚུལ་སྤེལ་འདུག་

གཙུག་ལག་སློབ་གྲ་དེའི་ནང་སེམས་ཁམས་རིག་གནས་ཐད་ལ་ཞིབ་འཇུག་གནང་མཁན་སྐུ་ཞབས་བློ་བཟང་རབ་རྒྱས་ལགས་ཀྱིས་ཀྱང་༸གོང་ས་མཆོག་དང་ལྷན་དུ་ ཁོང་གིས་སྔོན་ཆད་རྒྱ་གར་ནང་བཞུགས་པའི་རིང་ལ་ནང་ཆོས་ཐོག་ལ་བསླབ་པ་ཉམས་ལེན་གནང་བ་དང་། ཕྱིས་སུ་ཨ་མི་རི་ཀར་ཕེབས་རྗེས་སེམས་ཁམས་དང་ཀླད་པའི་རིག་གནས་ཐོག་ལ་ཞིབ་འཇུག་གནང་བའི་ནང་དོན་ཁག་ངོ་སྤྲོད་གནང་རྒྱུ་ཡིན་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ བློ་བཟང་རབ་རྒྱས་ལགས་དང་ལྷན་དུ་གཙུག་ལག་སློབ་གྲའི་སློབ་དཔོན་རོའོ་སྦཏ་སྦིལ་ཌར་ལགས་ཀྱིས་གསར་གཏོད་ཀྱི་ཁྱད་ཆོས་མཚོན་པའི་

རིག་པའམ་རྟོག་པའི་སྐོར་དང་སུའུ་སན་སྦུཀ་ཧའེ་མར་གྱིས་ཀླད་པའི་བྱེད་ལས་ཀྱིས་བྱམས་བརྩེ་འཚར་ལོངས་བྱེད་སྟངས་སྐོར་དང་ གཙུག་ལག་སློབ་གྲའི་ནང་ཆོས་སློབ་གཉེར་སྡེ་ཚན་གྱི་འགན་འཛིན་རོའོ་སྦཏ་སྦསི་ལྦེལ་གྱིས་བགྲོ་གླེང་གཙོ་སྐྱོང་གནང་རྒྱུ་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎