བལ་ཡུལ་ནང་བོད་མི་ཚོར་སྐྱབས་བཅོལ་བའི་གནས་བབས་སྤྲོད་རྒྱུ་མིན།


2014.10.31
བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་བློ་བཟང་རྒྱ་མཚན་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ལ་བསྐྱོད་བཞིན་པ། ༢༠༡༤།༡༠།༣༡ བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་བློ་བཟང་རྒྱ་མཚན་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ལ་བསྐྱོད་བཞིན་པ། ༢༠༡༤།༡༠།༣༡
མཐུན་འགྱུར་པར་རིས།

བལ་ཡུལ་གཞུང་གིས་བོད་མི་ཚོར་སྐྱབས་བཅོལ་བའི་གནས་བབས་ཀྱི་ཡིག་ཆ་གཙོས་པའི་ཡིག་ཆ་གཞན་ཡོངས་རྫོཊ་སྤྲོད་རྒྱུ་མིན་པའི་ཐག་གཅོད་བྱས་འདུག
དེ་རིང་AsiaNewsཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་བློ་བཟང་རྒྱ་མཚན་གྱིས་བལ་ཡུལ་ནང་གཞུང་འབྲེལ་གཟིགས་སྐོར་དང་འབྲེལ་ཏེ་བལ་ཡུལ་གཞུང་གིས་རྒྱལ་ནང་གི་བོད་མི་ཚོར་སྐྱབས་བཅོལ་གྱི་ངོས་ལེན་བྱ་རྒྱུ་མིན་པ་དང་། ཐ་ན་སྐྱབས་བཅོལ་གནས་བབས་ཀྱི་ཡིག་ཆ་གཙོས་པའི་ཡིག་ཆ་གཞན་ཡོངས་རྫོགས་སྤྲོད་རྒྱུ་མིན་པའི་ཐག་གཅོད་བྱས་འདུག དེ་ནི་འདས་པའི་ལོ་བཅུ་ཁྲག་མང་པོའི་རིང་བལ་ཡུལ་དེ་བཞིན་བོད་ནས་བྲོལ་བྱོལ་དུ་ཡོང་བའི་བོད་མི་རྣམས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་། དབུས་བོད་མིའི་སྒྲིག་འཛུགས་ཡོད་ས་བཞུགས་སྒར་རྡ་རམ་ས་ལ་བར་བསྐྱོད་རྒྱུའི་བརྒྱུད་ལམ་གཙོ་བོ་དེ་ཆགས་ཡོད་པ་དང་། དེར་བརྟེན་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་གི་ཐོག་དངོས་ཤུགས་བརྒྱུད་གསུམ་སྤྱི་དང་། ལྷག་དོན་དུ་དཔལ་འབྱོར་ཐོག་ནས་གནོན་ཤུགས་དང་གནོན་བཙིར་ཆེན་པོ་བཏང་བའི་རྐྱེན་གྱིས་གོང་ཞུས་ཐག་གཅོད་དེ་བྱས་པ་ཞིག་ཡིན་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་དེ་ནི་དཔལ་འབྱོར་གྱི་མིང་ཐོག་ནས་བོད་མི་སྐྱབས་བཅོལ་བ་ཚོ་བཙོང་པ་ཡིན་ལུགས་ངོ་རྒོལ་སྐྱོན་བརྗོད་དྲག་པོ་བྱས་འདུག
བལ་ཡུལ་རྒྱལ་ཡོངས་ཀྱི་སྐྱབས་བཅོལ་དང་འབྲེལ་མཐུད་བྱེད་མཁན་གྱི་གཙོ་འཛིན་Shes Narayan Poudelཡིས་གོང་ཞུས་གནས་ཚུལ་དེ་བདེན་པ་ཡིན་པ་ར་སྤྲོད་བྱས་པ་དང་། དུས་མཚུངས་ང་ཚོས་བོད་མི་སྐྱབས་བཅོལ་བ་ཚོར་ད་ནས་བཟུང་ངོ་རྟགས་ལག་ཁྱེར་སྤྲོད་རྒྱུ་མིན་པའི་ཐག་གཅོད་བྱས་སྐོར་དང་། གལ་ཏེ་ང་ཚོས་མུ་མཐུད་ནས་བོད་མི་ཚོ་སྐྱབས་བཅོལ་བ་ཡིན་པ་ངོ་རྟགས་བཟུང་བ་ཡིན་ན་ད་དུང་ཡང་བལ་ཡུལ་ནང་སྐྱབས་བཅོལ་གསར་པ་ཡོང་མཁན་ཇེ་མང་དུ་འགྲོ་རྒྱུ་ཡིན་པས་ཁོང་ཚོ་སྡོད་སའི་ས་ཆ་མེད་ཚུལ་བརྗོད་འདུག འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་Subidh Pykurelཡིས་བལ་ཡུལ་གཞུང་གིས་ལག་ཁྱེར་ཡོད་མིན་ལ་མ་བལྟོས་པར་ཉེན་སྲུང་དོན་དུ་གཉེར་མཁན་ཚང་མར་བལྟ་སྐྱོང་གཅིག་མཚུངས་བྱེད་དགོས་པ་དང་། སྐྱབས་བཅོལ་བ་ཚོ་བཟང་བཙོན་འོག་བཞགས་པ་དེ་འགྲིག་གི་མེད་སྐོར་བརྗོད་ནས་བལ་ཡུལ་གཞུང་ལ་སྐྱོན་བརྗོད་བྱས་འདུག
བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བ་ཁྲི་གཉིས་ལྷག་ཡོད་པའི་ཚོད་དཔག་བྱེད་བཞིན་པ་དང་། དེའི་ཁྲོད་མང་པོ་ཞིག་ལ་སྐྱབས་བཅོལ་ལག་འཁྱེར་སྤྲད་མེད་པ་མ་ཟད། བལ་ཡུལ་ནང་གི་བོད་མིའི་སྐུ་ཚབ་དོན་གཅོད་ཁང་སྒོ་རྒྱབ་པ། བོད་མིའི་བྱེད་སྒོ་ཁག་ལ་དམ་དྲག་བཀག་བསྡོམས། ཐ་ན་འོས་བསྡུ་སོགས་ཀྱང་བྱེད་འཇུག་གི་མེད་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎