བལ་ཡུལ་དུ་ཟླ་བ་གཅིག་རིང་ངོ་རྒོལ་གྱི་ལས་འགུལ་༥༩༩བྱུང་བ།

འདས་པའི་ཟླ་བ་གཅིག་རིང་བལ་ཡུལ་ནང་ཡིད་མ་ཆེད་པའི་ངོ་རྒོལ་གྱི་ལས་འགུལ་ཧ་ཅང་མང་པོ་ཞིག་སྤེལ་འདུག

2010.01.09

༄༅༎ཉིས་སྟོང་དགུ་ལོའི་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ནས་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་བར་འདས་པའི་ཟླ་བ་གཅིག་རིང་བལ་ཡུལ་ནང་ཡིད་མ་ཆེད་པའི་ངོ་རྒོལ་གྱི་ལས་འགུལ་ཧ་ཅང་མང་པོ་ཞིག་སྤེལ་འདུག།

ཧི་མ་ལ་ཡའི་དུས་བབས་ཞེས་པའི་བལ་ཡུལ་གྱི་གསར་ཤོག་ནང༌ཁ་ས་གནས་ཚུལ་སྤེལ་བར་གཞིགས་ན། བལ་ཡུལ་ཉེན་རྟོག་པའི་དབུས་ལས་ཁང་གིས་ཕྱོགས་སྒྲིག་བྱས་པའི་བསྡོམས་རྩིས་ནང༌། བལ་ཡུལ་རྒྱལ་ཡོངས་ལ་འདས་པའི་ཟླ་བ་གཅིག་རིང་མང་ཚོགས་ཀྱི་ངོ་རྒོལ་ཆེ་ཆུང་འདྲ་མིན་༥༩༩མན་ཙམ་བྱུང་ཡོད་པ་རེད།

ངོ་རྒོལ་གྱི་ལས་འགུལ་དེ་ཚོ་ཕལ་ཆེ་བ་ཆབ་སྲིད་ཚོགས་པ་ཁག་དང་འབྲེལ་ཡོད་ཚོགས་སྡེ་ཁག་གིས་མཐུན་འགྱུར་གོ་སྒྲིག་བྱས་པ་ཞིག་ཡིན་འདུག། བལ་ཡུལ་ཉེན་རྟོག་པས་བཏོན་པའི་བསྡོམས་རྩིས་དེའི་ནང་རྒྱལ་ས་ཀཐ་མན་དྲུ་གཅིག་པུའི་ནང་འདས་པའི་ཟླ་བ་གཅིག་རིང་ངོ་རྒོལ་ཐེངས་༣༣བྱས་ཡོད་པ་རེད།

བལ་ཡུལ་ཉེན་རྟོག་ལས་ཁང་གི་མགྲིན་ཚབ་པ་སྦིག་ཡན་རཇ་ཤར་མ་ཡིས་བདེ་འཇགས་དཔུང་དམག་ཚོས་ངོ་རྒོལ་བྱེད་མཁན་ཐོག་བཏང་འཛིན་དོ་དམ་མང་བ་བྱེད་དགོས་དུས། ཡུལ་གྱི་ནང་ཁྲིམས་འགལ་ནག་ཉེས་ཀྱི་བྱ་སྤྱོད་སྤེལ་མཁན་ཚོའི་ཐོག་དམ་བསྒྲགས་བྱེད་ཡག་གི་མིའི་ནུས་ཤུགས་མི་འདེང་བའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། དེང་སང་བལ་ཡུལ་ནང་ཁྲིིམས་མེད་ལུང་མེད་ཀྱི་བྱ་སྤྱོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎