བལ་ཡུལ་ནང་ཚོུད་བཅུ་དྲུག་རིང་གློག་བཀག་རྒྱུའི་ལས་གཞི།

རེས་གཟའ་ཉི་མ་ནས་བལ་ཡུལ་རྒྱལ་ཡོངས་སུ་ཁྱིམ་ཚང་དང་ཚོང་ལས་ཁག་བཅས་སུ་ཆུ་ཚོད་བཅུ་དྲུག་རིང་གློག་བཀག་རྒྱུའི་ལས་གཞི་འགོ་བཙུགས།

2009.01.11

༄༅༎བལ་ཡུལ་ནང་དུ་གློག་མཁོ་འདོན་འདེངས་ངེས་མེད་པའི་དཀའ་ངལ་ཚབས་ཆེའི་འོག་གཞུང་གིས་རེས་གཟའ་ཉི་མ་ནས་བལ་ཡུལ་རྒྱལ་ཡོངས་སུ་ཁྱིམ་ཚང་དང་ཚོང་ལས་ཁག་བཅས་སུ་ཆུ་ཚོད་བཅུ་དྲུག་རིང་གློག་བཀག་རྒྱུའི་ལས་གཞི་འགོ་བཙུགས་ཡོད་པ་རེད། ཉེ་ཆར་མའོ་གྱེན་ལོག་ཤོག་ཁག་གི་གཞུང་འཛིནི་གྱིས་བལ་ཡུལ་རྒྱལ་ཡོངས་སུ་གློག་གི་དཀའ་ངལ་ཡོད་པའི་གསལ་བསྒྲགས་བྱས་ཏེ་ཕྱི་ཟླ་དང་པོ་ནས་ཉིན་རེར་ཆུ་ཚོད་བཅུ་དྲུག་རིང་གློག་བཀག་རྒྱུ་ཡིན་པ་གསུངས་ཡོད་པ་རེད། བལ་ཡུལ་གཞུང་གི་གློག་ཤུགས་ཚན་པའི་མགྲིན་ཚབ་པ་ཤེར་སིང་བཏ་ཡིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་ཆུ་ཤུགས་གློག་འདོན་གྱི་ནུས་པ་འདེངས་ངེས་མཁོ་འདོན་བྱེད་ཐུབ་ཀྱི་མེད་པར་བརྟེན་ཐོག་མར་ཉིན་རེར་ཚོུད་བཅུ་གཉིས་རིང་གློག་བཀག་པའི་རྗེས་རེས་གཟའ་ཉི་མའི་ནས་སླར་ཡང་ཚོུད་བཞི་སྤར་ཆ་བྱས་ཏེ་ད་ནས་བཟུང་ཉིན་རེར་ཚོུད་བཅུ་དྲུག་གློག་བཀག་རྒྱུ་ཡིན་ཞིང་ང་ཚོས་གློག་གི་དཀའ་ངལ་སེལ་ཐབས་ལ་ཐབས་ལམ་དེ་ལས་མེད་པ་དང་དེ་ལྟར་ཐག་གཅོད་བྱས་པའི་རྒྱུ་མཚན་ནི་དེང་སྐབས་གློག་ཤུགས་མཁོ་འདོན་བྱེད་མཁན་གྱི་གཙང་ཆུའི་མཐོ་ཚད་ཧ་ཅང་གི་དམའ་རུ་ཕྱིན་པར་བརྟེན་ནས་བལ་པོའི་མི་དམངས་ཚོར་དགོས་མཁོ་དང་བསྟུན་པའི་ཆུ་ཤུགས་ཀྱི་ནུས་པ་ཆེ་རུ་གཏོང་ཐུབ་ཀྱི་མེད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

མའོ་གྱེན་ལོག་ཤོག་ཁག་གི་སྣེ་ཁྲིད་པའི་གཞུང་གསར་པས་ཁྱིམ་མཚེས་རྒྱ་གར་ནས་གློག་མཁོ་འདོན་ནང་འདྲེན་བྱ་རྒྱུ་དང་འཕྲལ་སེལ་འཕྲུལ་འཁོར་ལ་བརྟེན་པའི་གློག་མཁོ་འདོན་བྱ་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད་ཀྱང་གང་ལྟར་བལ་ཡུལ་མི་དམངས་ཚོར་དགོས་ངེས་ཀྱི་གློག་འདོན་བྱེད་མི་ཐུབ་པའི་ཁར་ཉིན་རེའི་མི་དམངས་ལ་གློག་མེད་པ་བཟོ་རྒྱུའི་དུས་ཚོད་ཀྱང་རིང་དུ་བཏང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎