བལ་ཡུལ་གཞུང་གིས་བོད་མི་བཞི་འཛིན་བཟུང་གིས་ཕྱིར་ཕུད།


2014.04.11
རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་Kakarbhittaཔར་རྙིང་ཞིག། ༢༠༠༧ རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་Kakarbhittaཔར་རྙིང་ཞིག། ༢༠༠༧
པར། མཐུན་འགྱུར་པར་རིས།

བལ་ཡུལ་ལ་ཡོང་མཁན་བོད་མི་དགེ་འདུན་པ་བཞི་བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་གིས་དཔལ་འབྱོར་གྱི་ཉེས་ཆད་བཏང་ནས་ཕྱིར་ཕུད་བཏང་འདུག
དེ་ཡང་བལ་ཡུལ་ནས་འདི་གར་གནས་ཚུལ་འབྱོར་དོན། ཉེ་བའི་སྤྱི་ཟླ་༤ཚེས་༥ཉིན་རྒྱ་གར་ནས་བལ་ཡུལ་ལ་ཡོང་མཁན་བོད་མི་དགེ་འདུན་པ་བཞི་བལ་ཡུལ་གྱི་ཉེན་རྟོག་པས་ཁྲིམས་མཐུན་ལག་འཁྱེར་མེད་པའི་ཉེས་མིང་འོག་འཛིན་བཟུང་བྱས་བ་དང་། ཚེས༡༠ཉིན་བོད་མི་དགེ་འདུན་པ་ཁོང་ཚོར་བལ་ཡུལ་གྱི་རྒྱལ་སའི་ཕྱི་མི་ཞིབ་གཤེར་ལས་ཁུངས་ནས་ཁྲིམས་མཐུན་ལག་འཁྱེར་མེད་པའི་ཉེས་མིང་འོག་མི་རེ་ལ་བལ་སྒོར་༩༠༠༠ཙམ་གྱི་དཔལ་འབྱོར་གྱི་ཉེས་ཆད་བཏང་རྗེས་ཕྱིར་ཁོང་ཚོ་ཡོང་ས་བལ་ཡུལ་དང་རྒྱ་གར་གྱི་ས་མཚམས་ Kakirbithaཞེས་བ་བར་ཉེན་རྟོག་པས་སྐྱེལ་མ་བྱས་ནས་ཕྱིར་ཕུད་བཏང་འདུག གནས་ཚུལ་འདིའི་ཐད་HURONབལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འབྲེལ་ཡོད་མི་སྣས་བརྗོད་དོན། ཉེན་རྟོག་པས་སྤྱི་སྤྱོད་རླངས་འཁོར་དེའི་ནང་འབར་རྫས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ནས་སྔོག་གཤེར་སྐབས་སྟབས་ལ་ལེགས་པེ་ལག་འཁྱེར་མེད་པའི་བོད་མི་ཁོང་ཚོ་འཛིན་བཟུང་བྱས་བ་ཡིན་པ་དང་། རྗེས་སུ་ཁོང་ཚོ་འབར་རྫས་དང་འབྲེལ་བ་མེད་པ་ར་སྤྲོད་བྱུང་རྗེས་བལ་ཡུལ་གྱི་རྒྱལ་སའི་ཕྱི་མི་ཞིབ་གཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་བ་རེད། བོད་མི་དགེ་འདུན་པ་ཁོང་ཚོ་ནི་རྒྱ་གར་ལ་ཡོད་པའི་དགའ་ལྡན་བྱང་རྩེ་ནས་ཡིན་པའི་དགེ་འདུན་པ་བློ་བཟང་བརྩོན་འགྲུས་དང་། བློ་བཟང་དོན་གྲུབ། སངས་འདུས། བློ་བཟང་ཡེ་ཤེས་བཅས་ཡིན་པ་སོགས་བརྗོད་བྱུང་།
སྤྱིར་བཏང་རྒྱ་ནག་གི་མངོན་ལྐོག་གཉིས་ཀྱི་གནོན་ཤུགས་ལ་བརྟེན་བལ་ཡུལ་གཞུང་གིས་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་དང་། ཟླ༤བའི་ཚེས༡ཉིན་ HRWཞེས་ཨ་མི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པས་བལ་ཡུལ་ནང་གི་བོདམི་སྐྱབས་བཅོལ་བའི་གནས་སྟངས་སྐོར་ལ་སྙན་ཐོ་གསར་བ་ཞིག་བཏོན་ནས། བལ་ཡུལ་གཞུང་ལ་རྒྱ་ནག་གི་གནོན་ཤུགས་རྐྱེན་པས་བལ་ཡུལ་ནང་གི་བོད་མི་ཚོ་གང་བྱུང་དོ་དམ་བཀག་ཉར་དང་། གཅར་རྡུང་། བོད་མི་བྲོས་བྱོལ་བ་བཙན་ཤེད་འཇུ་བཟུང་དང་། རྒྱ་ནག་ལ་རྩིས་སྤྲོད་སོགས་ཀྱི་ཉེན་ཁ་དང་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་སྐོར་གསལ་འདོན་གནང་ཡོད་པ་དང་། བལ་ཡུལ་རྒྱལ་ནང་དུ་བོད་མི་སྐྱབས་བཅོལ་བ་མི་གྲངས་ཁྲི་གཉིས་ཙམ་ཡོད་པ་རེད།


གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎