བལ་ཡུལ་ཉེན་རྟོག་པས་ངོ་རྒོལ་བ་མང་པོ་འཇུ་བཟུང་བྱས་འདུག


2015.01.13
བལ་ཡུལ་ཉེན་རྟོག་པས་བོད་མི་འཇུ་བཟུང་བྱེད་བཞིན་པ། ༢༠༡༡།༧།༦ བལ་ཡུལ་ཉེན་རྟོག་པས་བོད་མི་འཇུ་བཟུང་བྱེད་བཞིན་པ། ༢༠༡༡།༧།༦
ཀླུ་འབུམ

བལ་ཡུལ་ནང་གཞུང་ལ་ངོ་རྒོལ་སྐབས་ཉེན་རྟོག་པས་ངོ་རྒོལ་བ་མི་གྲངས་བཞི་བཅུ་ལྷག་འཛིན་བཟུང་བྱས་ཡོད་པ་རེད།
དེ་ཡང་བལ་ཡུལ་ནང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟིན་བྲིས་མཇུག་བསྒྲིལ་ཟིན་པ་དགོས་རྒྱུའི་སྔོན་བཀག་གི་དུས་ཚོད་གཙང་རྒྱུར་གཟའ་འཁོར་གཅིག་ལྷག་ཙམ་ལས་མེད་ཅིང་། བལ་ཡུལ་གྱི་དམར་ཕྱོགས་མའོ་ཚོགས་པས་གཟའ་མིག་དམར་ཉིན་ངོ་རྒོལ་འདུ་འཛོམས་ཀྱི་ལས་འགུལ་ཞིག་སྤེལ་བ་དྲག་ཟིང་ཅན་དུ་གྱུར་སྟབས་ཉེན་རྟོག་པས་ངོ་རྒོལ་བ་མི་གྲངས་བཞི་བཅུ་ལྷག་འཛིན་བཟུང་བྱས་ཡོད་པ་རེད། གཟའ་མིག་དམར་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུའི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་དེ་དག་ནི་དེ་སྔོན་མའོ་གྱེན་ལོག་ཤོག་ཁག་དང་འབྲེལ་བ་ཡོད་པའི་ཚོགས་པ་མི་འདྲ་བ་སུམ་ཅུ་ཙམ་ཡོད་པ་དེ་དག་གི་ཚོགས་མི་ཡིན་པ་བལ་ཡུལ་ནས་ཧྥ་རནསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ཉིན་གཅིག་རིང་གི་ངོ་རྒོལ་སྐབས་སློབ་གྲྭ་དང་བཟོ་གྲྭ མང་ཚོགས་ཀྱི་འགྲིམ་འགྲུལ། མཐོ་སློབ་སོགས་སྒོ་བརྒྱབ་ཏུ་བཅུག་ཡོད་ཅིང་། ངོ་རྒོལ་གྱི་ལས་འགུལ་ལ་རྩིས་མེད་ཀྱིས་གྲོང་ཁྱེར་ནང་མོ་ཊ་གཏོང་མཁན་ཚོར་ངོ་རྒོལ་བ་ཚོས་མོ་ཊར་རྡོ་འཕེན་པ་དང་། ཤེལ་སྒོ་བཅག་པ། མི་འགའ་ཤས་ལ་རྨས་སྐྱོན་བཏང་པ་སོགས་དྲག་སྤྱོད་བྱས་ཡོད་འདུག
ད་ལྟའི་བལ་ཡུལ་གྱི་རྩ་ཁྲིམས་ཟིན་བྲིས་གྲོས་ཚོགས་ནས་བལ་ཡུལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟིན་བྲིས་ཕྱི་ཟླ་༡ ཚེས་༢༢ཉིན་གཏན་འབེབས་ཟིན་པ་དགོས་ཀྱི་ཡོད་ཅིང་། ད་བར་ཟིན་བྲིས་ཟིན་པའི་བརྗོད་བྱའི་ནང་སྲིད་དོན་ཚོགས་པ་ཕན་ཚུན་དབར་མི་མཐུན་པ་ཡོད་པའི་གནད་དོན་དེ་དག་འོས་བསྡུའི་མང་མོས་ཀྱི་ལམ་ནས་གཏན་འབེབས་ཟིན་པ་དགོས་ཀྱི་ཡོད་པ་རེད། བལ་ཡུལ་གྱི་མའོ་ཚོགས་པས་སྲིད་དོན་གྱི་ཚོགས་པ་ཆེ་བ་དང་འཐུས་མི་མང་བ་ཡོད་པ་དེས་བལ་ཡུལ་རྒྱལ་ཁབ་ཀྱི་མ་འོངས་པའི་རྩ་ཁྲིམས་གཏན་འབེབས་བྱ་རྒྱུའི་འཆར་གཞི་དེ་ནི་དྲང་བདེན་མིན་པ་བརྗོད་བཞིན་ཡོད་པ་དང་། ད་དུང་ཡང་ངོ་རྒོལ་གྱི་ལས་འགུལ་མུ་འཐུད་བྱེད་རྒྱུའི་ཉེན་བརྡ་གཏོང་བཞིན་ཡོད་པ་རེད།

གསར་འགོད་པ་སྥྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎