བོད་མིས་བལ་ཡུལ་ནང་ཆབ་སྲིད་ལས་འགུལ་སྤེལ་མི་ཆོག

བལ་ཡུལ་གྱི་སྲིད་བློན་གཞོན་པས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོས་བལ་ཡུལ་ས་ཁོངས་ནང་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་དུ་མི་འཇུག་རྒྱུའི་སྐོར་བརྗོད་ཡོད་འདུག

2012.11.21

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༧ ནས་ཉིན་གསུམ་རིང་ཨ་རིའི་སྤྱི་ཚོགས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་དྲུང་གཞོན་ཕྱག་རོགས་ལྕམ་ཨོ་ཊེ་རོ་ (Maria Otero) ལགས་ཉིན་གསུམ་རིང་བལ་ཡུལ་དུ་གཟིགས་སྐོར་གྱིས། བལ་ཡུལ་སྲིད་བློན་དང་སྲིད་བློན་གཞོན་པ་གཉིས་ལ་ཐུག་འཕྲད་བྱས་ཡོད་པ་དང་།

ཕྱི་ཚེས་ ༡༨ ཉིན་ཨོ་ཊེ་རོ་བལ་ཡུལ་སྲིད་བློན་བྷ་བྷུ་རམ་ (Baburam Bhattaraj) དང་། སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ལྕོགས་ཤཱི་རཱེ་སི་ཐཱ་ (Narayankaji Shrestha) གཉིས་ལ་ཐུག་འཕྲད་བྱས་སྐབས། ཤཱི་རཱེ་སི་ཐཱ་ཡིས་བལ་ཡུལ་གཞུང་གིས་བོད་མི་ཚོར་སྐྱབས་བཅོལ་གྱི་གནས་བབ་སྤྲད་ཡོད་སྟབས། ཁོ་ཚོས་བལ་ཡུལ་གྱི་ས་ཁོངས་ནང་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་ཆོག་གི་མེད་ཚུལ་བརྗོད་ཡོད་འདུག

ལྕམ་Otero ཨོ་ཊེ་རོ་ལགས་ཀྱིས་ཐེངས་འདིའི་བལ་ཡུལ་ནང་གི་གཟིགས་སྐོར་དང་སྟབས་བསྟུན། བལ་ཡུལ་གནས་སྡོད་བོད་རིགས་གཞོན་སྐྱེས་དང་དགེ་རྒན། དེ་བཞིན་བལ་ཡུལ་ནང་གི་འབྲུག་པའི་སྐྱབས་བཅོལ་བ་བཅས་ལ་ཐུག་འཕྲད་བྱ་རྒྱུ་ཡིན་འདུག་ལ། གཞན་ཁོ་མོ་བལ་ཡུལ་གྱི་འགྲོ་བ་མིའི་རང་དབང་རྩོད་ལེན་ཚོགས་པ་ཁག་གི་སྐུ་ཚབ་དང་། རྒྱལ་སྤྱིའི་གནས་སྤོར་བལྟ་རྟོག་ཚོགས་པའི་མི་སྣ་བཅས་ལ་ཐུག་འཕྲད་གནང་འཆར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎