ལྕམ་པེ་ལོ་སི་མཆོག་ནོ་བེལ་གཟེངས་རྟགས་མཛད་སྒོར་ཕེབས་རྒྱུ།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ནོ་སྦེལ་གཟེངས་རྟགས་འབུལ་བཞེས་མཛད་སྒོར་ཕེབས་གཏན་འཁེལ་འདུག

2010.11.27

༄༅༎ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ལ་ནོ་སྦེལ་ཞི་བའི་གཟེངས་རྟགས་ཚོགས་ཆུང་གིས་ཇི་ལྟར་མགྲོན་འབོད་གནང་བ་ལྟར་འདི་ལོའི་ནོ་སྦེལ་གཟེངས་རྟགས་འབུལ་བཞེས་མཛད་སྒོར་ཕེབས་གཏན་འཁེལ་འདུག   

འོན་ཀྱང་རྒྱ་ནག་གཞུང་གིས་ནོ་སྦེལ་ཞི་བའི་གཟེངས་རྟགས་བཞེས་མི་སྐུ་ཞབས་ལིའུ་ཞའོ་པོ་བཙོན་འཇུག་བྱས་ཡོད་པ་མ་ཟད། ཁོང་གི་བཟའ་ཟླ་ཡང་བཟང་བཙོན་དུ་བཅུག་ཡོད་པས་འདི་ལོའི་ནོ་སྦེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་གཟེངས་རྟགས་བཞེས་མིའི་ཞབས་སྟེགས་སྟོང་པར་ལུས་ཉེན་ཡོད་པ་རེད། རྒྱ་ནག་གཞུང་གིས་འདི་ལོའི་ནོ་སྦེལ་ཞི་བའི་གཟེངས་རྟགས་འཐོབ་མཁན་སྐུ་ཞབས་ལི་ཞའོ་པོ་ནི་ཉེས་ཅན་ཡིན་པར་ངོས་འཛིན་དང་སྦྲགས་ལོ་ངོ་བཅུ་གཅིག་བཙོན་འཇུག་བྱེད་བཞིན་པ་རེད། ཕྱོགས་མཚུངས་རྒྱ་ནག་གཞུང་གིས་འདི་ལོའི་ནོ་སྦེལ་ཞི་བའི་གཟེངས་རྟགས་སྐུ་ཞབས་ལི་ཞའོ་པོ་ལ་འབུལ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དྲག་པོ་བྱས་པ་དང་དུས་མཚུངས་འདི་ལོའི་ནོ་སྦེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་རྒྱལ་སྤྱིའི་གཞུང་དང་དབུ་ཁྲིད་རྣམས་ཀྱི་སྐུ་ཚབ་བཞུགས་ན་འགྲིག་མིན་དང་ཕེབས་གནང་མི་ཡོང་བའི་སྐུལ་མ་བྱས་འདུག་ཀྱང་ཨུ་རུ་སུ་དང་། ཀ་ཛཀ་སི་ཏན་ ཀིའུ་སྦ་ མོ་རོ་ཀོ་ ཨི་རག་བཅས་རྒྱལ་ཁབ་ལྔ་ཕུད་དེ་མིན་དང་ལེན་གནང་མཁན་ད་བར་བྱུང་མིན་འདུག

འདི་ལོ་ཕྱི་ཟླ་༡༢་པའི་ཚེས་༡༠་ཉིན་ཏེ་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ནོ་སྦེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ནོར་ཝེ་རྒྱལ་ས་ཨོ་སོ་ལོ་རུ་སྔར་རྒྱུན་ལྟར་གནང་རྒྱུ་ཡིན་པ་དང་། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མིའི་དབུ་ཁྲིད་ལྕམ་ནེན་སི་པེ་ལོ་སི་མཆོག་མཛད་སྒོའི་སྐུ་མགྲོན་གྲགས་ཅན་ཞིག་ཏུ་འགྱུར་རྒྱུ་ཡིན་ཞིང་། ཁོང་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གྱི་རླབས་ཆེན་དབུ་ཁྲིད་ཅིག་ཡིན་པ་རེད།

འཆར་ལོ་ཕྱི་ཟླ་དང་པོིའི་ནང་གྲོས་ཚོགས་ཚུགས་སྐབས་ལྕམ་ནེན་སི་པེ་ལོ་སི་མཆོག་ཚོགས་གཙོ་ཟུར་པ་ཆགས་རྒྱུ་དང་གྲངས་ཉུང་མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་དབུ་ཁྲིད་དུ་འདེམས་ཐོན་བྱུང་ཡོད་པ་རེད། ཡང་འདི་ལོ་ནོ་སྦེལ་ཞི་བའི་གཟེངས་རྟགས་བཞེས་མིའི་ཞབས་སྟེགས་སྟོང་པར་ལུས་པ་དེས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པའི་གནད་དོན་ཐེར་འདོན་དང་ར་སྤྲོད་གསལ་པོ་ཡོང་ངེས་ཡིན་པ་རེད།    ནོ་སྦེལ་ཞི་བའི་གཟེངས་རྟགས་ཀྱི་ལོ་རྒྱུས་ནང་། ནོ་སྦེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་མཛད་སྒོར་གཟེངས་རྟགས་དངོས་སུ་འབུལ་བཞེས་མ་ཐུབ་པ་ད་རེས་ཐེངས་གཉིས་པ་དེ་ཆགས་རྒྱུ་ཡིན་པ་རེད། དེ་སྔ་ན་ཛི་སྲིད་དབང་གཅིག་སྡུད་པའི་སྐབས་དང་པོ་དང་ད་རེས་རྒྱ་ནག་གུང་གྲན་ཏང་སྲིད་དབང་གཅིག་སྡུད་པའི་སྐབས་གཉིས་པར་འགྱུར་ངེས་པ་ཡིན་པ་རེད། འདི་ལོའི་ནོ་སྦེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་རྒྱ་རིགས་གྲགས་ཅན་མི་གྲངས་བརྒྱ་སྐོར་ཞིག་ཕེབས་གཏན་འཁེལ་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎