ཨ་རིའི་གྲོས་ཚོགས་ལ་བོད་ནང་རྒྱ་ནག་གིས་སྟངས་འཛིན་བྱས་འདུག


2015.11.18
ཨ་རིའི་གྲོས་ཚོཊ་ཀྱི་འཐུས་མི་བོད་ནང་གཟིཊ་སྐོར་ཐད་གསར་འགོད་ལྷན་ཚོགས་གནང་སྐབས། ༢༠༡༥།༡༡།༡༧ ཨ་རིའི་གྲོས་ཚོཊ་ཀྱི་འཐུས་མི་བོད་ནང་གཟིཊ་སྐོར་ཐད་གསར་འགོད་ལྷན་ཚོགས་གནང་སྐབས། ༢༠༡༥།༡༡།༡༧
ཡེ་ཤེས་བཀྲ་ཤིས། RFA

ཨ་རིའི་གྲོས་ཚོཊ་ཀྱི་འཐུས་མི་བོད་ནང་གཟིཊ་སྐོར་ཕེབས་པ་རྒྱ་ནག་གིས་སྟངས་འཛིན་ཚད་བཀག་བྱས་བས་བོད་མི་དཀྱུས་མར་མཇལ་ཐུབ་མེད་པ།

དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Nancy Pelosi་མཆོག་གིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་ད་རེས་བོད་ནང་ཕེབས་སྐབས། རྒྱ་ནག་གཞུང་གིས་ཁོང་རྣམ་པའི་གཟིགས་སྐོར་ལ་སྟངས་འཛིན་ཚད་བཀག་དང་དོ་དམ་ནན་མོ་བྱས་པ་དང་། ཁོང་རྣམས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐོག་འཛིན་པའི་བཞེངས་ཕྱོགས་ལ་སྲིད་འཛིན་ཞི་ཅིན་ཕེན་གྱིས་ཁས་ལེན་མ་ཞུས་པའི་སྐོར་སྐུ་ཚབ་འཐུས་མི་རྣམས་ཀྱིས་ཚེས་༡༧ཉིན་གསར་འགོད་ལྷན་ཚོགས་ཐོག་གསུངས་ཡོད་པ་རེད།
གསར་འགོད་ལྷན་ཚོགས་དེའི་ཐོག་ལྕམ་Nancy Pelosiལྷན་དུ། ད་རེས་བོད་ལ་ཕེབས་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་Tom Lantosའགྲོ་བ་མིའི་ཐོབ་ཐང་གི་ཟུང་འབྲེལ་ཚོགས་གཙོ་Jim McGovernམཆོག་ནས། རྒྱ་གཞུང་གིས་ཁོང་རྣམས་པའི་གཟིགས་སྐོར་ལ་སྟངས་འཛིན་དོ་དམ་གང་ཐུབ་བྱས་ཚུལ་གསུངས་ཡོད་པ་དང་། ཡང་སྐུ་ཚབ་འཐུས་མི་གཞན་ཞིག་གིས་འགྲུལ་འཁྱེར་ཁ་པར་ཁྱེར་བ་རྒྱ་མིའི་ཉེན་རྟོག་མི་སྣ་ཡིན་པའི་ངོ་རྟགས་བཟུང་མ་ཐུབ་པའི་མི་༣༠་ལྷག་ཁོང་རྣམ་པའི་མཉམ་དུ་ཡོང་སྐོར་གསུངས་འདུག
ལྕམ་Nancy Pelosiམཆོག་གིས་ཁོང་རྣམས་བོད་ལ་ཕེབས་སྐབས་ཕྱི་རྒྱལ་གྱི་གསར་འགོད་པར་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་བཀག་སྡོམ་བྱས་སྟབས། ཁོང་རྣམས་ཀྱིས་བོད་མི་དཀྱུས་མ་རྣམས་ལ་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་མེད་སྐོར་དང་། ཡང་ཁོང་རྣམས་ལ་རྒྱ་གཞུང་གིས་གསར་བཟོ་བྱས་པའི་བོད་པའི་ཁང་པ་བསྟན་བྱུང་། ཡིན་ནའི་ཁང་པའི་ནང་ལ་བོད་པའི་ནང་མི་ཡོད་པ་གཟིགས་མ་བྱུང་ཞེས་གསུངས་འདུག ཡང་ཁོང་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ལ་དོན་དམ་པའི་རང་སྐྱོང་གི་གནས་བབ་དགོས་པ་ལས་བོད་རང་བཙན་རྩོད་གནང་གི་མེད་སྐོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ལ་ཞུས་ན་ཡང་སྲིད་འཛིན་མཆོག་ཨ་མི་རི་ཀའི་ནང་གཟིགས་སྐོར་ཕེབས་སྐབས་དང་མཚུངས་པར་དེར་ཁས་ལེན་མ་གནང་བའི་སྐོར་ཡང་གསུངས་འདུག
ཡིན་ན་ཡང་ད་ཐེངས་རྒྱ་ནག་གི་གཟིགས་སྐོར་དེ་བརྒྱུད་ཁོང་རྣམ་པ་བོད་ནང་དངོས་སུ་བསྐྱོད་ཐུབ་པ་དེས་མུ་མཐུད་འབྲེལ་ལམ་གྱི་ཟམ་པ་བཙུགས་ཐུབ་པར་ངོས་འཛིན་གནང་གི་ཡོད་པ་ཡང་གསུངས་འདུག
རྒྱ་ནག་གཞུང་གིས་འདས་པའི་ལོ་མང་པོ་རིང་བོད་ནང་ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་དང་། གསར་འགོད་པ་སོགས་འགྲོ་བསྐྱོད་ལ་དམ་བསྒྲགས་ཤུགས་ཆེ་བྱས་ན་ཡང་། ད་རེས་ལྕམ་Nancy Pelosiམཆོག་གིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དྲུག་ཡོད་པའི་སྐུ་ཚབ་འཐུས་མི་རྣམས་ལ་གཟའ་འཁོར་སྔོན་མར་བོད་ནང་ཕེབས་ནས་ཉིན་ཤས་ཞུགས་ཏེ་ཕོ་བྲང་པོ་ཏ་ལ་དང་། བོད་ནང་གི་འཛུགས་བསྐྲུན་ལས་གཞི་ཁག་ལ་གཟིགས་ཞིབ་གནང་རྒྱུར་ཆེས་དཀོན་པའི་གོ་སྐབས་བྱུང་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ་དང་ཀརྨ་རྡོ་རྗེ།

འབྲེལ་ཡོད་གནས་ཚུལ་གཤམ་ལ་ཚེ་དབང་ནོར་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

གསར་འགོད་པ་ཚེ་དབང་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎