མགོ་ལོག་འཇིགས་མེད་ལཊ་ཨ་རིའི་མཐོ་རིམ་མི་སྣ་དང་མཇལ་བ།


2016.04.19
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་(Nancy Pelosi)་མཆོག་གིས་མགོ་ལོག་འཇིགས་མེད་དང་མཇལ་སྐབས། ༢༠༡༦།༤།༡༩ ཨ་མི་རི་ཀའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་(Nancy Pelosi)་མཆོག་གིས་མགོ་ལོག་འཇིགས་མེད་དང་མཇལ་སྐབས། ༢༠༡༦།༤།༡༩
མཐུན་འགྱུར་པར་རིས།

སྤྱི་ལོ་༢༠༡༦་ལོའི་ཟླ་༤་ཚེས༡༩ཉིན། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་(Nancy Pelosi)་མཆོག་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་། འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་པའི་གྲས་མགོ་ལོག་འཇིགས་མེད་ལགས་དང་ཨ་རིའི་རྒྱལ་སའི་གྲོས་ཚོགས་ཁང་གི་ལས་ཁུངས་ནང་མཇལ་འཕྲད་གནང་ཡོད་པ་དང་། ཁོང་མོས་ངོ་དེབ་བརྒྱུད་ཁོང་དང་མཇལ་འཕྲད་བྱུང་བ་དགའ་བོ་བྱུང་ཚུལ་དང་། ཨ་རི་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་བའི་འགན་འཁྲི་ཡོད་པ་བཀོད་འདུག
ཕྱི་ཟླ་བཞི་པའི་ཚེས་༡༤་ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ཚོགས་ཆུང་ནས། རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་གཏོང་སྟངས་ཞེས་པའི་བརྗོད་གཞིའི་ཐོག་ནས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་རང་ཐོག་མྱོང་བ་དང་། བོད་ནང་གི་བཙོན་ཁང་ནང་གི་གནས་སྟངས་སྐོར་ངོ་སྤྲོད་དང་གསན་བཞེས་གནང་ཡོད་པ་རེད།    

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎