རྒྱ་ནག་དང་ཐའེ་ལྦན་གྱི་ཚོང་དོན་གྲོས་མཐུན།

རྒྱ་ནག་དང་ཐའེ་ལྦན་དབར་གྱི་ཚོང་དོན་གྲོས་མཐུན་འཇོག་རྒྱུ་དེས་ཐའེ་ལྦན་གྱི་ཁེ་ཕན་ལ་གནོད་ཚབས་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

2010.01.27

༄༅༎རྒྱ་ནག་དང་ཐའེ་ལྦན་དབར་གྱི་ཚོང་དོན་གྲོས་མཐུན་འཇོག་རྒྱུ་དེས་ཐའེ་ལྦན་གྱི་ཁེ་ཕན་ལ་གནོད་ཚབས་ཡོང་རྒྱུ་ཡིན་པ་ཐའེ་ལྦན་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པས་གསུངས་བཞག  

ཐའེ་ལྦན་རང་བཙན་གྱི་འདོད་ཚུལ་འཛིན་མཁན་ཐའེ་ལྦན་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པས་རིང་མིན་རྒྱ་ནག་དང་ཐའེ་ལྦན་དབར་ཚོང་དོན་གྱི་གྲོས་མཐུན་ཁག་ཅིག་འཇོག་རྒྱུའི་འཆར་གཞི་ཡོད་པ་བཞིན་གྲོས་མཐུན་དེ་རིགས་འཇོག་ཚེ་ཐའེ་ལྦན་གྱི་ཆབ་སྲིད་ལས་བབ་ལ་གནོད་འཚེ་ཕོག་རྒྱུ་མ་ཟད་ཐའེ་ལྦན་གྱི་དཔལ་འབྱོར་གནས་སྟངས་ལ་ཡང་གནོད་སྐྱོན་ཕོག་རྒྱུ་ཡིན་པ་གཟའ་ལྷག་པའི་ཉིན་ཉེན་བརྡ་བཏང་ཡོད་པ་རེད་ ཐའེ་ལྦན་གཞུང་གིས་ཚོང་འབྲེལ་དཔོན་རིགས་ནས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་ཁ་ས་པེ་ཅིན་དུ་རྒྱ་ནག་གི་སྐུ་ཚབ་དང་ལྷན་དུ་ཕྱོགས་གཉིས་དབར་ཚོང་དོན་འབྲེལ་ལམ་སྐོར་གྲོས་མོལ་བྱས་ཡོད་ཅིང་གྲོས་མོལ་མཇུག་སྒྲིལ་མ་ཐག་རྒྱ་ནག་གི་དཔོན་རིགས་ནས་ད་རེས་རྒྱ་ནག་དང་ཐའེ་ལྦན་དབར་གྱི་ཚོང་འབྲེལ་སྐོར་གྱི་གྲོས་མོལ་ཧ་ཅང་ལེགས་པོ་བྱུང་ཡོད་ལུགས་ཀྱི་གཏམ་བཤད་སྤེལ་བའི་རྗེས་      ཕྱོགས་འགལ་ཚོགས་པས་དེའི་སྐོར་གསལ་བསྒྲགས་སྤེལ་ཡོད་ཅིང་ དེའི་ནང་ཐའེ་ལྦན་གཞུང་གིས་རྒྱ་ནག་དང་ཚོང་འབྲེལ་གྱི་གྲོས་མོལ་བྱེད་པའི་སྐབས་ཐའེ་ལྦན་དེ་བཞིན་ས་གནས་ཤིག་གི་མིང་ཐོག་ནས་གྲོས་མོལ་བྱས་ཡོད་པ་དང་དེས་ཐའེ་ལྦན་གྱི་ཆབ་སྲིད་གནས་བབ་ལ་གནོད་འཚེ་ཕོག་རྒྱུ་མ་ཟད་ གྲོས་མོལ་གྱི་ནང་དོན་ནང་རྒྱ་ནག་གི་ངལ་རྩོལ་བ་དང་དངོས་ཟོག་ཐའེ་ལྦན་དུ་གཏོང་རྒྱུའི་དོན་ཚན་མང་པོ་ཞིག་ཡོད་པས་  གྲོས་གཞི་དེར་གྲོས་མཐུན་བྱུང་ཚེ་ མ་འོངས་ཐའེ་ལྦན་ནང་རྒྱ་ནག་གི་ལས་མི་འཕོན་ཆེ་སླེབས་རྒྱུ་མ་ཟད་ རྒྱ་ནག་གི་སྤུས་ཚད་ཞན་པའི་དངོས་ཟོག་མང་པོ་ཐའེ་ལྦན་གྱི་ཁྲོམ་རའི་ནང་ཐོན་ནས་ཐའེ་ལྦན་གྱི་ལས་ཤོར་མི་སྣའི་དཀའ་ངལ་ཡང་ཇེ་ཆེར་འགྲོ་རྒྱུ་ཡིན་པའི་སྐོར་སོགས་གསལ་སྟོན་གནང་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎