རྒྱ་ནག་གིས་བོད་མིའི་ཐོབ་ཐང་ལག་འཁྱེར་ལ་ཞིབ་གཤེར།


2014.05.22
ནག་ཤོད་འབྲི་རུ་རྫོང་། ནག་ཤོད་འབྲི་རུ་རྫོང་།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

རྒྱ་ནག་གིས་འབྲི་རུ་ཁུལ་གྱི་བོད་མིའི་ཐོབ་ཐང་ལག་འཁྱེར་ལ་ཞིབ་གཤེར་དང་མཉམ་ཕྱི་ལ་ཕྱིན་པའི་བོད་མི་ཚོའི་ཐེམ་ཐོ་མེད་པ་བཟོ་བཞིན་ཡོད་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་དུ་རྒྱ་ནག་གཞུང་གིས་དེང་སྐབས་བོད་མི་ཚོར་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། བོད་མི་ཚོའི་ཡུལ་མིའི་ཐོབ་ཐང་ལག་འཁྱེར་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག ཞིབ་གཤེར་སྐབས་ས་གནས་དེ་ནས་ཕྱི་ཕྱོགས་སུ་ཕྱིན་པའི་བོད་མི་ཚོའི་ཡུལ་མིའི་ཐོབ་ཐང་མེད་པ་བཟོས་པ་མ་ཟད། ཁྱིམ་ཚང་དེས་རྒྱ་སྒོར་༢༠༠༠ཙམ་གྱི་ཉེས་ཆད་སྤྲོད་དགོས་པ། ལྷག་པར་དུ་ས་ཁུལ་དེ་ནས་ཕྱིར་བསྐྱོད་བྱེད་མཁན་མི་སུ་འདྲ་ཞིག་ཡིན་ནའང་ས་གནས་སུ་ཕྱིར་ལོག་བྱེད་མི་ཆོག་པ་སོགས་དེང་སྐབས་ཡུལ་དེའི་ནང་ཆབ་སྲིད་ཀྱི་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་སྦེལ་ཇམ་ལ་ཡོད་པའི་འབྲི་རུ་བ་བསམ་གྲུབ་ལགས་ཀྱིས་གསར་འགོད་པར་ངོ་སྤྲོད་བྱས་འདུག
འབྲི་རུར་ལོ་སྔོན་མའི་སྤྱི་ཟླ་༩བ་ནས་བཟུང་རྒྱ་ནག་གཞུང་གིས་ཁུལ་དེའི་མང་ཚོགས་ལ་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོའི་ལས་འགུལ་སྤེལ་བར་ས་གནས་དེའི་མི་མང་ནས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་པར་བརྟེན་རིམ་བཞིན་ས་གནས་དེའི་ནང་ཡོད་པའི་བོད་མི་ཆིག་སྟོང་བརྒལ་བ་སྔ་ཕྱིར་འཛིན་བཟུང་བཀག་ཉར་དང་། དེ་བཞིན་བོད་མི་མང་དག་ཅིག་གར་སོང་ཆར་མེད་དུ་གྱུར་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཡོད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎