འབར་མའི་ངོས་ནས་ཨ་རི་དང་འབྲེལ་བ་ཡར་རྒྱས་གཏོང་འཆར།

འབར་མའི་དྲག་པོའི་སྲིད་གཞུང་གིས་ཨ་རིས་དབར་འཁོན་འཁྲུག་མེད་པར་རྒྱུན་ལྡན་ལྟ་བུའི་འབྲེལ་བ་གསར་འཛུགས་བྱ་རྒྱུའི་མངོན་འདོད།

2011.11.26

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་འབར་མ་ནང་གཞུང་དོན་ཕྱོགས་བསྐྱོད་ཐོག་མ་གྲ་སྒྲིག་གནང་བཞིན་པའི་སྐབས། འབར་མའི་དྲག་པོའི་སྲིད་གཞུང་གིས་རྒྱལ་ཁབ་གཉིས་དབར་འཁོན་འཁྲུག་མེད་པར་རྒྱུན་ལྡན་ལྟ་བུའི་འབྲེལ་བ་གསར་འཛུགས་བྱ་རྒྱུའི་མངོན་འདོད་བྱེད་ཀྱི་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག
ཨ་རི་དང་འབར་མ་གཉིས་དབར་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་པའི་གནས་སྟངས་འདི་སྔ་ལོ་འབར་མའི་ནང་རྒྱལ་ཡོངས་འོས་བསྡུ་བྱས་པའི་རྗེས། དམག་ཞབས་ལས་གྲུབ་པའི་གྲོས་ཚོགས་གསར་པས་སྲིད་དོན་བཙོན་པ་བརྒྱ་ཕྲག་གློད་བཀྲོལ་གཏང་བ་དང་། ཕྱོགས་འགལ་ཆབ་སྲིད་ཚོགས་པའི་དབུ་འཁྲིད་ལྕམ་ཨོང་སན་སུ་ཆི་བཟང་བཙོན་ནས་གློད་བཀྲོལ་ཙམ་མ་ཟད། ཁོང་དང་ལྷན་དུ་གྲོས་མོལ་གྱི་སྒོ་མོ་ཕྱེ་བ། དེ་བཞིན་ལས་རྩོལ་མི་མང་ལ་ངོ་རྒོལ་རྔམ་སྟོན་གི་ཐོབ་ཐང་སོགས། ཁྲིམས་ཐོག་ནས་གཏན་འབེབས་བྱས་ཏེ་གུ་ཡངས་ཆབ་སྲིད་བཅོས་བསྒྱུར་གྱི་རྣམ་སྤྱོད་ལ་བརྟེན་ནས། ཨ་རི་གཙོས་པའི་ནུབ་ཕྱོགས་ཡུལ་ཁག་ཚོས་འབར་མའི་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ཕྲན་བུའི་གུ་ཡངས་ཕྱིན་ཡོད་པ་རེད། བཟང་ཕྱོགས་ཀྱི་ཁོར་ཡུག་འདིའི་འོག བདུན་ཕྲག་རྗེས་མའི་རེས་གཟའ་ལྷག་པའི་ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་འབར་མ་ནང་གཞུང་དོན་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་དང་། དེ་ནི་ལོ་ངོ་ལྔ་བཅུའི་རྗེས་སུ། ཨ་རིའི་ཆེས་མཐོའི་གནས་ཡོད་མི་སྣའི་གཟིགས་སྐོར་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། འབར་མའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཤལྦེམན་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་འཚམས་གཟིགས་ལ་ངང་འགུག་ཆེན་པོའི་དགའ་བསུ་ཞུས་པ་དང་སྦྲགས་ གཟིགས་སྐོར་འདིའི་བརྒྱུད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་བཟང་དུ་འགྲོ་རྒྱུའི་མངོན་འདོད་གསལ་འདོན་བྱས་འདུག འབར་མའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་འབར་མ་དང་ཨ་རི་གཉིས་དབར་རྒྱུན་ལྡན་གྱི་འབྲེལ་བ་གང་ཡང་མེད་པ་རེད། དོན་དངོས་ཐོག་ང་ཚོ་ཨ་རི་དང་རྒྱུན་ལྡན་གྱི་འབྲེལ་བ་བཅང་རྒྱུའི་འདོད་པ་ཆེན་པོ་ཡོད་ལ། ད་ལྟའི་བཟང་ཕྱོགས་ཀྱི་ཁོར་ཡུག་འདིའི་འོག་ ཕྱོགས་གཉིས་དབར་འབྲེལ་ལམ་གྱི་རྨང་གཞི་གཏན་པོ་འཛུགས་རྒྱུའི་སྒོ་མོ་ཕྱེ་ཡོད་ཅེས་གསལ་འདོན་བྱས་བཞག། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎