འབར་མ་གཞུང་གིས་བཙོན་པ་༣༠༠གློད་འགྲོལ་གཏང་འཆར།

འབར་མའི་གཞུང་གིས་སླར་ཡང་ཆབ་སྲིད་ཀྱི་བཙོན་པ་༣༠༠ཙམ་གློད་འགྲོལ་གཏང་རྒྱུའི་གསལ་བསྒྲགས་གནང་འདུག

2012.01.14

༄༅༎རེས་གཟའ་སྤེན་པའི་ཉིན་མཡན་མར་རམ་ འབར་མའི་གཞུང་གིས་སླར་ཡང་ཆབ་སྲིད་ཀྱི་བཙོན་པ་ ༣༠༠ ཙམ་གློད་འགྲོལ་གཏང་རྒྱུའི་གསལ་བསྒྲགས་གནང་འདུག་ཅིང༌། འདི་ནི་སྦར་མའི་གཞུང་གིས་ད་བར་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ནང་གི་མཚོན་དོན་གལ་ཆེ་ཤོས་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
སྦར་མའི་གཞུང་གིས་ཉེ་བའི་ཟླ་བ་འགའ་ཤས་ནང་སྲིད་བྱུས་ལྷུགས་གཏོང་དང་། མང་གཙོའི་ཕྱོགས་སུ་གོམ་པ་མདུན་སྤོས་བྱེད་བཞིན་པར། ཨ་མི་རི་ཀ་གཙོས་པའི་འཛམ་གླིང་གི་མང་གཙོའི་ཡུལ་གྲུ་མང་དག་ཅིག་གིས་ལེགས་གསོ་ཆེན་པོ་ཐོབ་བཞིན་ཡོད་ལ། ཨ་མི་རི་ཀའི་གཞུང་གིས་ འབར་མའི་གཞུང་དང་ཕྱི་སྲིད་ཀྱི་ཐད་ཀར་འབྲེལ་ལམ་སླར་གསོ་གནང་རྒྱུའི་གསལ་བསྒྲགས་ཀྱང་གནང་ཡོད་པ་དང་། ཨ་རི་ཐེ་བས་འཛམ་གླིང་གི་མང་གཙོའི་ཡུལ་གྲུ་ཚོས་སྦར་མའི་ཐོག་བཀལ་བའི་དཔལ་འབྱོར་དམ་དྲག་གི་སྲིད་བྱུས་ཀྱང་རིམ་པས་ལྷུགས་གཏོང་བྱ་འཆར་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་ཆབ་སྲིད་ཀྱི་བཙོན་པ་གློད་བཀྲོལ་བཏང་པ་དེ་ནི་གལ་གནད་ཆེན་པོ་ཡིན་པ་གསུངས་པ་དང་། ཡང་འབར་མའི་མང་གཙོའི་དབུ་འཁྲིད་ལྕམ་ཨང་སང་སུ་ཅི་མཆོག་གིས་འདི་ནི་མཚོན་དོན་བཟང་པོ་ཞིག་ཡིན་པ་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎