ལྕམ་སུའུ་ཀི་འབར་མའི་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུགས།

འབར་མའི་དམངས་གཙོའི་དབུ་ཁྲིད་ནས་ཆེས་མཐོའི་ཁྲིམས་ཁང་དུ་ཞུ་གཏུགས་བྱས་པ་དེར་ཟླ་བ་འདིའི་ནང་བསམ་ཞིབ་གནང་རྒྱུའི་འཆར་གཞི།

2011.01.18

༄༅༎འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཀི་ཡིས་ཁོང་གི་དམངས་གཙོ་ཚོགས་པར་དེ་སྔ་འོས་བསྡུའི་སྐབས་རྒྱལ་ཁ་ཐོབ་པར་འབར་མའི་གཞུང་གིས་ངོས་ལེན་མ་བྱས་པའི་གྱོད་དོན་ཆེས་མཐོའི་ཁྲིམས་ཁང་དུ་ཞུ་གཏུགས་བྱས་པ་དེར་ཆེས་མཐོའི་ཁྲིམས་ཁང་གི་ངོས་ནས་ཟླ་བ་འདིའི་ནང་བསམ་ཞིབ་གནང་རྒྱུའི་འཆར་གཞི་ཡོད་ལུགས་ཁོང་གི་ཁྲིམས་རྩོད་པས་གསུང་ཡོད་པ་རེད།

དེ་རིང་ལྕམ་ཨོང་སན་སུའུ་ཀི་ཡི་ཁྲིམས་རྩོད་པ་ནིཡེན་ལྦིན་ཞུ་བས་གསུང་པར། ང་ཚོའི་རྩེད་གླེང་གི་གནད་དོན་དེ་རིང་མིན་ཕྱི་ཟླ་དང་པོའི་ཚེས་༢༤ཉིན་ཆེས་མཐོའི་ཁྲིམས་ཁང་ལ་དམིགས་བསལ་གྱི་ཞུ་གཏུགས་ངེས་པར་དུ་བྱ་རྒྱུ་ཡིན། རྒྱལ་ས་ཡཱང་ཨོན་གྱི་ཁྲིམས་ཁང་ནས་ཉན་ཞིབ་བྱེད་པའི་སྐབས་ཁྲིམས་གཏུགས་པ་གསུམ་གྱི་ནང་ནས་གཅིག་གིས་ལྕམ་ཨོང་སན་སུའུ་ཀི་ཡི་སྐུ་ཚབ་གནང་རྒྱུ་ཡིན། ང་ཚོས་གཞུང་ལ་གྱོད་གཏུགས་སམ་ཁ་ཆུ་འཛུགས་རྒྱུའི་གནད་དོན་ནི། དེ་སྔ་༡༩༩༠འི་ནང་འབར་མའི་རྒྱལ་ཡོངས་འོས་བསྡུ་བྱས་པའི་སྐབས་རང་དབང་དང་དྲང་བདེན་གྱི་ཐོག་ནས་ལྕམ་ཨོང་སན་སུའུ་ཀི་ཡི་དམངས་གཙོ་མནའ་མཐུན་ཚོགས་པར་རྒྱལ་ཁ་ཐོབ་པ་དེ་འབར་མའི་དྲག་པོའི་གཞུང་གིས་ཁྲིམ་ལུགས་གཞི་བཟུང་དབང་ཆ་རྩིས་སྤྲོད་མ་བྱས་པ་དེ་ཡིན་ཞིང༌། གང་ལྟར་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུགས་བྱས་པ་དེར་ཁྲིམས་ཁང་ནས་ཉན་ཞིབ་གནང་བའི་སྐབས་ལྕམ་ཨོང་སན་སུའུ་ཀི་དངོས་སུ་ངོ་བཅར་ཞུ་གི་ཡོད་མེད་ད་ལྟ་གནས་ཚུལ་ཁ་གསལ་མེད་པ་རེད་ཅེས་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།

ལྕམ་ཨོང་སན་སུའུ་ཀི་ཡི་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་མཐུན་ཚོགས་པར་དེ་སྔ་༡༩༩༠ལོའི་འོས་བསྡུའི་སྐབས་མང་མོས་ཀྱི་རྒྱལ་ཁ་ཐོབ་ཀྱང་དྲག་པོའི་གཞུང་གིས་རྒྱལ་ཁ་ཐོབ་པར་ངོས་ལེན་རྩ་བ་ནས་མ་བྱས་པ་མ་ཟད། འདས་པའི་མི་ལོ་༢༠ཕྱིན་པའི་རྗེས་འབར་མའི་དྲག་པོའི་གཞུང་གིས་ན་ནིང་བསྐྱར་དུ་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བྱེད་པའི་སྐབས་ལྕམ་ཨོང་སན་སུའུ་ཀི་ཡི་དམངས་གཙོ་ཚོགས་པ་མཉམ་ཞུགས་བྱེད་རྒྱུར་འགོག་རྐྱེན་བཟོས་ཡོད་པ་དེ་ནི། འབར་མའི་དྲག་པོའི་གཞུང་ཕྱོགས་ནས་ལྕམ་ཨོང་སན་སུའུ་ཀི་འོས་སྡུའི་ལས་དོན་ནང་མཉམ་ཞུགས་བྱེད་རྒྱུ་བཀག་འགོག་བྱས་པའི་བྱ་ཐབས་ཤིག་ཡིན་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎