བོད་མཐོ་སྒང་དུ་གནས་པའི་བོད་མིའི་རིགས་རྒྱུན་ས་བོན་ལ་འགྱུར་བ།


2017.04.04
མཐོ་སྒང་བོད་ཀྱི་འབྲོག་པའི་རྩྭ་ཐང་། མཐོ་སྒང་བོད་ཀྱི་འབྲོག་པའི་རྩྭ་ཐང་།
དྲ་བཤུས།/Weibo

བོད་ཀྱི་རིགས་རྒྱུད་ཀྱི་རྣམ་པར་དུས་དང་ཁོར་ཡུག་གི་གནས་སྟངས་དང་མཐུན་པའི་འགྱུར་ལྡོག་བྱུང་ཚུལ་རྐྱེན་རྩ་རྩད་ཆོད་བྱུང་འདུག
ཆ་སྙོམས་མཚོ་ངོས་ནས་མཐོ་ཚད་མི་ཀྲར་ཆིག་སྟོང་གཉིས་བརྒྱ་ཙམ་གྱི་མཐོ་སྒང་དུ་བོད་མི་རྣམས་གནས་སྡོད་བྱེད་ཐུབ་པའི་རྒྱུ་མཚན་ནི། ས་མཐོའི་གནས་སྟངས་ལ་གཞིགས་པའི་བོད་མིའི་རིགས་རྒྱུད་ཀྱི་རྣམ་པ་ལ་དུས་དང་མཚམས་པའི་འགྱུར་བ་ཕྱིན་པའི་རྒྱུ་མཚན་གྱི་ཡིན་པ་ཚན་རིག་པས་ཉམས་ཞིབ་བྱས་པ་ནས་གསལ་ཐོན་ཡོང་གི་ཡོད་འདུག
དེ་ཡང་ད་བར་འཛམ་གླིང་གི་མི་མང་གཞན་ཚོས། གྲང་ངར་ཆེ་ཞིང༌། ཉི་མའི་ཟེར་དུག་གི་ངར་ཆེ་བ་དང་། དེ་བཞིན་ཟ་བཅའི་མཐུན་རྐྱེན་དཀོན་པའི་མཐོ་སྒང་བོད་དུ་བོད་མི་རྣམས་གནས་ཐུབ་པ་དེར་ཡ་མཚན་གྱི་བལྟ་ཚུལ་ཞིག་འཛིན་གྱི་ཡོད་པ་དེ་ལྟར་ཡང༌། འདས་པའི་དུས་ཡུན་གང་མཚམས་རིང་ཚན་རིག་པས་བོད་མིའི་རིགས་རྒྱུན་ས་བོན་ལ་ཞིབ་འཇུག་རྟག་དཔྱད་བྱས་པའི་འབྲས་བུར། བོད་ཀྱི་མཐོ་སྒང་དུ་དུས་ནས་དུས་སུ་ཁོར་ཡུག་དང༌། ཟས་བཅུད་སོགས་ཀྱི་འགྱུར་ལྡོག་ཕྱིན་པ་དང་མཉམ་དུ་བོད་མིའི་རིགས་རྒྱུད་ཀྱི་རྣམ་པར་ཡང་འགྱུར་བ་འགྲོ་ཐུབ་པ་བྱུང་བའི་རྐྱེན་རྩ་རྣམ་གྲངས་བདུན་རྩད་གཅོད་ཐུབ་པ་བྱུང་ཡོད་འདུག རིགས་རྒྱུད་ཀྱི་རྣམ་པར་དུས་དང་ཁོར་ཡུག་གི་གནས་སྟངས་དང་མཐུན་པའི་འགྱུར་ལྡོག་འགྲོ་ཐུབ་པ་བྱུང་བ་དེའི་རྐྱེན་པས། གྲང་ངར་ཆེ་ཞིང༌། སྲོག་འཚོ་བའི་རླུང་དང་འཚོ་བའི་མཐུན་རྐྱེན་ཆེས་ཞན་པའི་མཐོ་སྒང་བོད་དུ་བོད་མི་རྣམས་གནས་སྡོད་བྱེད་ཐུབ་ཀྱི་ཡོད་པ་ཨོས་ཀྲོརོ་ལི་ཡའི་གྲོང་ཁྱེར་ (Brisbane) ནང་རྟེན་གཞི་བྱེད་པའི་ (Queensland) གཙུག་ལག་སློབ་གྲྭ་ཆེན་མོ་དང༌། རྒྱ་ནག་ནང་ཡོད་པའི་ (Wenzhou) སྨན་གཞུང་གཙུག་ལག་སློབ་གྲྭ་ཆེན་མོའི་ཚན་རིག་པ་ཁག་ཅིག་ཟུང་འབྲེལ་གྱི་ཐོག་ནས་ཞིབ་འཇུག་བྱས་པ་ནས་ཤེས་རྟོགས་ཐུབ་པ་བྱུང་ཡོད་འདུག།

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎