རྒྱ་ནག་ནང་ཚོཊ་པ་མང་པོ་ཡོད་ན་དཀའ་ངལ་འཕྲད་སྲིད།

རྒྱ་ནག་གུང་གྲན་ཁོ་ནས་སྲིད་དབང་བཟུང་ནས་རྒྱུན་རིང་ཕྱིན་པའི་དུས་སྟོན་ཉིན་སྤེལ་བའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱི་ཆེད་བརྗོད།

2011.07.03

༄༅༎རྒྱ་ནག་གུང་གྲན་ཏང་དབུ་བརྙེས་ནས་ལོ་ངོ་དགུ་བཅུ་འཁོར་བའི་དུས་དྲན་ཉིནརྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་སྤེལ་བའི་ཆེད་བརྗོད་ཀྱི་སྙིང་དོན་ནི།

སྲིད་དོན་ཚོགས་པ་སྣ་ཚོགས་ཡོད་པའི་ལམ་ལུགས་ཡོད་ན། རིག་གནས་གསར་བརྗེའི་སྐབས་དང་མཚུངས་པའི་ཟིང་འཁྲུག་ཡོང་གི་ཡོད་ལུགས་བཀོད་ཡོད་པ་རེད།  དེ་ཡང་རེས་གཟའ་པ་སངས་ཉིན་རྒྱ་ནག་གུང་གྲན་ཁོ་ནས་སྲིད་དབང་བཟུང་ནས་རྒྱུན་རིང་ཕྱིན་པའི་དུས་སྟོན་ཉིན་སྤེལ་བའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱི་ཆེད་བརྗོད་ནང་། ནུབ་ཕྱོགས་ཡུལ་གྲུ་ཁག་ནང་དར་བའི་ཆབ་སྲིད་རིང་ལུགས་ནི།  རྒྱ་ནག་གི་རང་བཞིན་གནས་བབས་ལ་འོས་འཚམས་མེད་ཅིང་གལ་ཏེ་རྒྱ་ནག་གིས་ནུབ་ཕྱོགས་པའི་སྲིད་དོན་ཚོགས་པ་མང་པོ་ཡོད་པའི་གྲོས་ཚོགས་ཀྱི་ཆབ་སྲིད་ལམ་ལུགས་ལ་དཔེ་བལྟ་་ཡིན་ན། རིག་གནས་གསར་བརྗེའི་སྐབས་ཀྱི་ཟིང་འཁྲུག་དང་བག་ལྷོད་མེད་པའི་ལོ་རྒྱུས་བསྐྱར་ཟློས་བྱེད་སྲིད་པ་དང་།   ཤོག་ཁག་འདྲ་མིན་ཡང་ལངས་སྲིད་པ་རེད་ཅེསརྒྱ་ནག་གི་གཞུངའབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནང་བཀོད་འདུག 

ཕྱི་ལོ་༡༩༦༦ནས་༡༩༧༦་བར་གྱི་རིག་གནས་གསར་བརྗེའི་ལས་འགུལ་དེ་མའོ་ཚེ་ཐུང་གིས་མ་རྩའི་རིང་ལུགས་ལ་ཁ་གཏད་བཅོག་ཆེད་སྤེལ་བ་ཡིན་ཞིང་། དེ་ནི་མའོ་ཚེ་ཐུང་གི་ལྟ་བ་མཐར་ལྷུང་བའི་རྫོགས་ལྡན་བསམ་བློར་དགའ་མོས་མི་བྱེད་མཁན་ཚོ་རྩ་མེད་བཟོ་བའི་ལས་འགུལ་ཞིག་ཡིན་པ་རེད། མའོ་ཚེ་ཐུང་གི་ལས་འགུལ་དེའི་ནང་མི་མང་མཐོ་འབྲིང་བར་གསུམ་ལ་མུ་མཐའ་མེད་པའི་སྡུག་བསྔལ་མྱོང་དགོས་བྱུང་བ་རེད།  གང་ལྟར་ཕྱི་ལོ་༡༩༢༡་ལོར་གུང་གྲན་ཏང་དབུ་བརྙེས་ཏེ་ཕྱི་ལོ་༡༩༤༩་ལོར་སྲིད་དབང་བསྒྱུར་ནས་ད་བར་ལོ་གྲངས་དགུ་བཅུ་སོང་ཡང་ད་དུང་སྲིད་དབང་དམ་འཛིན་བྱ་རྒྱུ་ལས་ཆབ་སྲིད་བཅོས་བསྒྱུར་གཏོང་འཆར་མེད་པ་སྲིད་འཛིན་ཧུ་ཅིན་ཏའོ་ཡིས་གཏམ་བཤད་ནང་མངོན་པར་གསལ་བ་བྱས་ཡོད་པ་རེད།

འདས་པའི་ལོ་ངོ་བཅུ་ཕྲག་གསུམ་ཙམ་རིང་རྒྱ་ནག་མི་མང་ས་ཡ་ཉིས་བརྒྱ་བརྒལ་བ་ཉམ་ཐག་གི་དཀའ་སྡུག་ལས་གྲོལ་ཐུབ་པའི་གྲུབ་འབྲས་གསལ་བཏོན་གནང་སྟེ་གུང་གྲན་ཏང་གིས་རྒྱ་ནག་མི་མང་གི་བདེ་དོན་ལ་བལྟ་རྟོག་བྱེད་ཀྱི་ཡོད་པ་དང༌།

དེས་ན་སྲིད་འཛིན་ཧུ་ཅིན་ཏའོ་ཡིས་སྲིད་དབང་གུང་གྲན་ཏང་ཚོགས་པ་ཁོ་ནསརྒྱ་ནག་གི་སྲིད་དབང་བཟུང་དང་བཟུང་བཞིན་པ་དེ་ཁྲིམས་མཐུན་ཆགས་ཀྱི་ཡོད་པའི་དག་ཐེར་བྱེད་ཐབས་བྱས་ཡོད་པ་རེད།  འོན་ཀྱང་སྲིད་དོན་ཉམས་ཞིབ་པས་གསུངས་ན། རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པ་ལྟར། ཆབ་སྲིད་དང་སྤྱི་ཚོགས་བཅོས་བསྒྱུར་འགྲོ་ཐུབ་མེད་པས་ད་ལྟ་དཀའ་རྙོག་མང་པོར་གདོང་ལེན་བྱེད་དགོས་ཤིང་། ལྷག་པར་དུ་ལྐོག་ཟ་རུལ་སུངས་དང་། དབུལ་ཕྱུག་མི་སྙོམ་པ།   ཁོར་ཡུག་འབག་བཙོག  བཟའ་བཅའ་དང་ཡུལ་དུས་རིན་གོང་འཕར་བ།  གྲངས་ཉུང་མི་རིགས་ཀྱིས་རང་སྐྱོང་ཐོབ་ཐང་རྩོད་བཞིན་པ་སོགས་གུང་གྲན་ཏང་གི་གཞུང་ལ་དཀའ་རྙོག་དུ་མར་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་རེད༎

 

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎