རྒྱ་ནག་གིས་ཚ་བ་དཔའ་ཤོད་རྫོང་ཁོངས་སུ་དམ་དྲག


2014.06.04
ཆབ་མདོ་ས་ཁུལ་ལ་རྒྱ་ནག་གི་སྤྱི་བདེ་ཚན་པས་དགེ་འདུན་པར་སྔོག་གཤེར་བྱེད་བཞིན་པ། ཆབ་མདོ་ས་ཁུལ་ལ་རྒྱ་ནག་གི་སྤྱི་བདེ་ཚན་པས་དགེ་འདུན་པར་སྔོག་གཤེར་བྱེད་བཞིན་པ།
བོད་འབྱོར།

ཚ་བ་དཔའ་ཤོད་ཁུལ་གྱི་ས་གནས་བོད་མི་ཚོ་ཟླ་གཉིས་རིང་ས་ཁུལ་གཞན་ལ་ཕྱིར་བསྐྱོད་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བཟོད་པ་རྒྱ་མཚོས་གནས་ཚུལ་བཏང་དོན། ཉེ་བའི་ནང་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ཚ་བ་དཔའ་ཤོད་རྫོང་དུ་ས་གནས་རྒྱ་ནག་གཞུང་གི་ལས་བྱེད་དང་། དམག་མི། ལས་དོན་རུ་ཁག་བཅས་མཉམ་རུབ་ཀྱིས་ས་གནས་བོིད་མི་ཚོར་དམ་དྲག་བྱེད་བཞིན་ཡོད་པ་དང་། ཟླ་སྔོན་མའི་ཚེས་༣༡ཉིན་ནས་བཟུང་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ཚ་བ་དཔའ་ཤོད་རྫོང་སྲིད་གཞུང་གི་ལས་བྱེད་དང་། ས་གནས་ཉེན་རྟོག་པ། ས་གནས་ལས་དོན་རུ་ཁག་མཉམ་འབྲེལ་ཐོག་དགོན་སྡེ་ཁག་དང་གྲོང་སྡེ་ཁག་ཏུ་ཚོགས་འདུ་རིམ་པ་སྐོང་ཚོགས་བྱས་ཏེ་ལོ་འདིའི་སྤྱི་ཟླ་ ༦ དང་༧ བཅས་ཟླ་གཉིས་རིང་ཚ་བ་དཔའ་ཤོད་རྫོང་གི་བོད་མི་སྐྱ་སེར་རྒན་གཞོན་གཅིག་ཀྱང་ས་གནས་གཞན་དུ་འགྲོ་མི་ཆོག་པ་མ་ཟད། དམིགས་བསལ་ལྷ་ས་དང་སྟོད་མངའ་རིས། ཨ་མདོའི་ཕྱོཊ་བཅས་སུ་འགྲོ་མི་ཆོག་ཚུལ་དང་། ད་དུང་ས་གནས་བོད་མི་ཚོར་སྨན་ཁང་དུ་བསྟེན་གཏུག་བྱེད་དགོས་པའི་ནད་པ་དང་། ས་གནས་གཞན་གྱི་སློབ་གྲྭ་འགྲིམ་བཞིན་པའི་སློབ་མའི་ཁྱིམ་བདག་སོགས་ས་གཞན་དུ་འགྲོ་དགོས་བྱུང་ཚེ་ས་གནས་སྲིད་གཞུང་དང་ས་གནས་ལས་དོན་རུ་ཁག ཉེན་རྟོག་ལས་ཁུངས་བཅས་ལ་ཆོག་མཆན་ཞུ་དགོས་པ་དང་། ཆོག་མཆན་མེད་པར་ཕྱིན་ཚེ་ཆབ་སྲིད་ཀྱི་ནག་ཉེས་འོག་བཀག་ཉར་བྱ་རྒྱུ་ཡིན་ཚུལ་སོགས་བསྒྲགས་ཡོད་འདུག ད་དུང་དགོན་སྡེ་ཁག་ཏུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་རྒྱུར་དམ་བསྒྲགས་བྱེད་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎