འབྲས་སྤུངས་དགོན་འདུན་པས་སྨོན་ལམ་གསུངས་འདོན་གནང་བ།
2008.05.15
༄༅༎རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་བྱུང་བ་རྣམས་ཀྱི་ཆེད་དུ་འབྲས་སྤུངས་དགོན་པའི་ནང༌། སྨོན་ལམ་གསུངས་འདོན་ཞུས་ཡོད་ལུགས་གནས་ཚུལ་ཐོན་འདུག
ལྷ་ས་ནས་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་བརྒྱུད་ལམ་ནས་ད་རིང་གནས་ཚུལ་སྤེལ་བར་ལྟར་ན། ཁ་ས་རེས་གཟའ་ལྷག་པའི་ཉིན་བོད་ཀྱི་འབྲས་སྤུངས་དགོན་པའི་ནང༌། ལོ་ན་བརྒྱ་བཅུ་ཐམས་པར་སླེབས་པའི་དགེ་འདུན་པ་དམ་པ་ལུང་རྟོགས་ལགས་ཀྱི་སྣེ་འཁྲིད་འོག་དགེ་འདུན་པ་ལྔ་བརྒྱ་ཙམ་ནས་ཉེ་ཆར་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁུལ་ས་ཡོམ་ཤུགས་ཆེ་རྒྱབ་པའི་དོན་རྐྱེན་འོག་རྐྱེན་འདས་སུ་ཕྱིན་པ་དང༌། དོ་ཕོག་ཐེབས་པའི་མི་ཚོའི་ཆེད་ཆུ་ཚོད་
གཉིས་རིང་སྨོན་ལམ་གསུངས་འདོན་བྱས་ཡོད་པའི་སྐོར་བཀོད་འདུག ཡང་དགེ་འདུན་པ་ཕུན་ཚོགས་ཐར་ཕྱིན་ཞེས་པས། ས་ཡོམ་གྱི་རྐྱེན་
པས་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བའི་གནས་ཚུལ་མཐོང་བའི་སྐབས་ཧ་ཅང་སེམས་སྐྱོ་པོ་བྱུང་། དེ་འདྲ་ཡིན་དུས་ཁོང་ཚོ་སླར་ཡང་
་མི་ལུས་ཐོབ་པའི་ཆེད་སྨོན་ལམ་རྒྱབ་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་པ་དང༌སྦྲགས་དགོན་པའི་དགེ་འདུན་པ་རྣམས་བརྙན་
འཕྲིན་དང༌། རླུང་འཕྲིན་ཁག་ནས་གནས་ཚུལ་དེ་དག་ཤེས་རྟོགས་བྱུང་བའི་རྗེས་ཞལ་འདེབས་རྒྱབ་མཁན་ཡོང་གི་འདུག་ཅེས་
གསུངས་ཡོད་པའི་གནས་ཚུལ་ཐོན་འདུག།