བོད་རྔ་པ་ཀིརྟི་དགོན་པར་བསུན་བཙིར་བྱེད་བཞིན་པ།

ཀི་རྟི་དགོན་པའི་ནང་དགེ་འདུན་པ་རྣམས་རེ་རེ་བཞིན་དུ་སོ་སོའི་གྲ་ཤག་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཟེར་བའི་ནང་བསུན་བཙིར།

2011.04.19

༄༅༎བོད་ཀྱི་ཨ་མདོ་རྔ་པ་ཀི་རྟི་དགོན་པའི་ནང་རྒྱ་ནག་གཞུང་གིས་ལས་བྱེད་འབོར་ཆེན་བཏང་ནས་དགེ་འདུན་པ་རྣམས་རེ་རེ་བཞིན་དུ་སོ་སོའི་གྲ་ཤག་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཟེར་བའི་ནང་བསུན་བཙིར་བྱེད་བཞིན་པ་ཡིན་པ་གནས་ཚུལ་ཤེས་རྟོགས་བྱུང་འདུག་། འདི་ག་རླུང་འཕྲིན་ཁང་ནས་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་གནང་དོན་ལྟར་ན་ རྔ་པ་ཀི་རྟི་དགོན་པའི་ནང་དགེ་འདུན་པ་རྣམས་མུ་མཐུད་ནས་དགོན་པའི་ནང་བཀག་ཉར་བྱས་པ་མ་ཟད་ ས་གནས་གཞན་ནས་འབྱོར་བའི་རྒྱ་ནག་གི་ལས་བྱེད་ཙམ་དུ་མ་ཟད་། རྔ་པ་རྗོང་གི་ལས་བྱེད་དང་ སློབ་གྲའི་དགེ་རྒན་ལས་བྱེད་སོགས་མི་གྲངས་བརྒྱད་བརྒྱ་ཙམ་དགོན་པའི་ནང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་དགོས་པའི་བཀའ་བཏང་ནས་དགོན་པའི་ནང་འབྱོར་ཡོད་པ་དང་ དགོན་པའི་ནང་དུ་བཀག་ཉར་བྱེད་བཞིན་པའི་དགེ་འདུན་པ་རྣམས་ལ་མི་གྲངས་བཅུ་དང་ དེ་ནས་རིམ་བཞིན་དགེ་འདུན་རེ་རེ་སོ་སོའི་གྲ་ཤག་ནང་དྲི་བ་བཏང་བ་དང་ དགོངས་ཚུལ་བཤད་དུ་བཅུག་པ་སོགས་བྱས་ཡོད་པ་དང་ གལ་ཏེ་ལན་འདེབབས་དེ་རྒྱ་ནག་གི་འདོད་པ་ལྟར་མ་བྱུང་དུས་ད་དུང་སློབ་གསོ་ཐེབས་མེད་པའི་སྐྱོན་བརྗོད་བྱས་ནས་སློབ་གསོའི་ལས་འགུལ་དུས་འགྱངས་གཏོང་དགོས་པའི་འཇིགས་བསྐུལ་བྱས་ཡོད་པ་རེད་འདུག་། ས་གནས་ཀྱི་དད་ལྟན་པ་རྣམས་དགོན་པའི་ནང་དུ་ཆོས་མཇལ་འགྲོ་རྒྱུར་བཀག་འགོག་བྱས་ཡོད་པ་མ་ཟད་ དད་ལྡན་པ་རྣམས་དགོན་པའི་གླིང་བསྐོར་དུ་ཡང་འགྲོ་རྒྱུར་བཀག་འགོག་བྱས་ཡོད་པ་མ་ཟད་ བསྐོར་ལམ་དུ་ཡོད་པའི་མ་ཎིའི་འཁོར་ལོ་ཡང་གཟེར་ཀ་རྒྱབ་ནས་བེད་སྤྱོད་གཏོང་རྒྱུར་འགོག་རྐྱེན་བཟོས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག་། བཙན་བྱོལ་ནང་གི་བོད་མིའི་གནས་ཡུལ་ས་གནས་མང་པོའི་ནང་ རྔ་པ་ཀི་རྟི་དགོན་པའི་དགེ་འདུན་པ་རྣམས་ཀྱི་ལྷན་དུ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་ཟས་བཅད་ངོ་རྒོལ་དང་མར་མེའི་ཁྲོམས་བསྐོར་སོགས་གནང་བཞིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎