རྒྱ་ནག་གཞུང་གིས་བོད་དུ་དགོན་སྡེའི་ནང་དམ་བསྒྲགས།
2012.01.21
༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གིས་ ཆབ་མདོ་ཀརྨ་དགོན་པའི་ནང་ རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་འོག་དགོན་པའི་དགེ་འདུན་པ་དང་མཁན་པོ་ལས་སྣེ་ཚོར་༧གོང་ས་མཆོག་ལ་བསྐུར་བ་བཏབ་བཅུག་པ་དང་ཆོས་བྱེད་དགེ་འདུན་པ་ཚོར་དམ་བསྒྲགས་དྲག་གནོན་བྱེད་བཞིན་པའི་རྐྱེན་གྱིས་དགེ་འདུན་པ་མང་པོ་ཞིག་ཞིག་དགོན་པའི་ནང་ནས་ཐོན་འགྲོ་བཞིན་ཡོད་པ་གསུངས་ཡོད་པ་རེད་
དེ་ཡང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་འགན་འཛིན་གསར་པ་ཚེ་རིང་མཚོ་མོ་ལགས་ཀྱིས་་ཁ་ས་ཕ་ཡུལ་དྲ་རྒྱར་གནད་དོན་ངོ་སྤྲོད་ནང་ རྒྱ་ནག་གཞུང་གིས་ཀརྨ་དགོན་པར་ཉེན་རྟོག་པ་བཀོད་སྒྲིག་གིས་ ཆོས་བྱེད་དགེ་འདུན་པ་ཚོར་ དྲི་རྩད་དང་ཆབ་སྲིད་ཀྱི་སློབ་གསོའི་ལས་འགུལ་སོགས་སྤེལ་ཏེ་ བསུན་བཙིར་ཆེན་པོ་བཟོ་བཞིན་པར་སོང་ དགེ་འདུན་པ་ཚོ་མ་བཟོད་པར་ དགོན་པ་ནས་ཐོན་འགྲོ་ཡི་ཡོད་པ་དང་ དཔེར་ན་དགོན་པའི་ཚད་ཉིད་འཛིན་གྲྭའི་ སློབ་མ་༡༢༠་ཙམ་ཡོད་པ་ཆ་ཚང་དགོན་པའི་ནང་སྡོད་བློས་མ་བཟོད་པར་ཐོན་ཕྱིན་པར་བརྟེན་ འཛིན་གྲྭ་ཚུགས་མ་ཐུབ་པར་སྒོ་རྒྱབ་དགོས་བྱུང་ཡོད་པའི་གནད་ལུགས་ངོ་སྤྲོད་གནང་ཡོད་པ་རེད་