སོག་ཡུལ་ནང་རྒྱ་ལམ་དང་རི་ལིའི་འགྲོ་ལམ་གསར་སྐྲུན།
2011.10.14
༄༅༎སོག་པོ་གཞུང་གིས་ཕྱི་ལོ་༡༠༡༢ ནང་དུ་རྒྱ་ནག་དང་ར་ཤི་བར་མོ་ཊའི་རྒྱ་ལམ་དང་རི་ལིའི་འགྲོ་ལམ་གསར་པ་འཛུགས་སྐྲུན་གྱི་ཆེད་དུ་ཨ་རིའི་ཌོ་ལར་ཐེར་འབུམ་གཅིག་ལྷག་གི་འགྲོ་གྲོན་གཏོང་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསུང་ཡོད་པ་རེད།
སོག་པའི་སྲིད་བློན་སུཀ་སྦ་ཏའར་སྦཏ་སྦོལཏ་ཡིས་རྒྱལ་ནང་གི་རྨང་གཞིའི་འཛུགས་སྐྲུན་ཆེད་སོག་པོའི་གཞུང་གིས་ཨ་རིའི་ཊོ་ལར་ཐེར་འབུམ་གཅིག་དང་གྲངས་ཆུང་༡༧ གྱི་འགྲོ་གྲོན་གཏོང་རྒྱུའི་འཆར་གཞི་ཡོད་པ་དང༌། འཛུགས་སྐྲུན་གྱི་འཆར་གཞི་དེའི་ནང་རྒྱ་ནག་བར་དུ་མོ་ཊའི་འགྲིམས་འགྲུལ་གྱི་རྒྱ་ལམ་འཛུགས་སྐྲུན་བྱ་རྒྱུ་དང༌། ར་ཤི་ཡ་བར་དུ་རི་ལིའི་འགྲིམས་འགྲུལ་གྱི་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་གསུང་ཡོད་ཅིང༌། སོག་པོ་གཞུང་གིས་རྒྱལ་ནང་གི་རང་འབྱུང་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་ནི་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ནས་ཕྱི་རྒྱལ་གཏེར་ཁ་བསྔོག་འདོན་བྱེད་མཁན་ཚོང་ལས་ཁང་ལ་གཏེར་བཏོན་གྱི་མ་རྩ་འཛུགས་འཇོག་བྱས་ཏེ། སོག་པོ་ནི་འཛམ་གླིང་ནང་ནས་དཔལ་འབྱོར་བཟོ་སྐྲུན་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་ནི། འཛམ་གླིང་དངུལ་ཁང་གིས་གསར་དུ་བཏོན་པའི་ཐོ་གཞུང་དུ་འདི་ལོའི་ཟླ་བ་གསུམ་ནང་དུ་སོག་ཡུལ་གྱི་དཔལ་འབྱོར་འཕེལ་ཚད་བརྒྱ་ཆ་༡༧ དང་གྲངས་ཆུང་༣ འཕེལ་རྒྱས་ཕྱིན་ཡོད་པ་གསལ་ཡོད་པ་རེད། ཕྱི་ལོ་༢༠༠༩ ལོར་སོག་པོ་གཞུང་གིས་ཁེ་ན་ཊའི་གཏེར་ཁ་བསྔོག་འདོན་བྱེད་མཁན་ཚོང་ལས་ཁང་གི་མཉམ་དུ་ཨ་རིའི་ཌོ་ལར་ས་ཡ་མང་པོའི་ཚོང་འབྲེལ་གན་རྒྱ་བཞག་ཡོད་པ་དང༌། ཁེ་ན་ཌ་ཡིས་སོག་ཡུལ་གྱི་གཏེར་ཁ་བསྔོག་འདོན་བྱེད་ཡུལ་གྱི་ས་ཆ་དེ་ནི་འཛམ་གླིང་ནང་ནས་ཟངས་ཀྱི་གཏེར་ཁ་ཕྱུག་པའི་ས་ཆ་དང་གསེར་གྱི་གཏེར་ཁའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པ་རེད།