བོད་སོག་ཆིངས་ཡིག་སྐོར་མཁས་པའི་བགྲོ་གླེང༌།

བོད་དང་སོག་པོ་གཉིས་སྤྱི་ལོ་༡༩༡༣་ལོར་ཕན་ཚུན་རང་བཙན་རྒྱལ་ཁབ་ཏུ་ངོས་འཛིན་ཆ་འཇོག་བྱ་རྒྱུའི་ཆིངས་ཡིག་སྐོར་མཁས་པའི་བགྲོ་གླེང་།

2010.10.19

༄༅༎སོག་ཡུལ་གྱི་རང་བཙན་ཞེས་པའི་དུས་དེབ་རྩོམ་སྒྲིག་ཁང་གིས་གོ་སྒྲིག་འོག་སྤྱི་ལོ་༢༠༡༠ལོའི་ཕྱི་ཟླ་བཅུ་པའི་ཚེས་༡༣དང་༡༤་ཉིན་གཉིས་རིང་སོག་པའི་རྒྱལ་ས་ཨུ་ལན་བར་དུར་ནང་བོད་དང་ སོག་པོ་གཉིས་སྤྱི་ལོ་༡༩༡༣་ལོར་ཕན་ཚུན་རང་བཙན་རྒྱལ་ཁབ་ཏུ་ངོས་འཛིན་ཆ་འཇོག་བྱ་རྒྱུའི་ཆིངས་ཡིག་བཞག་པའི་གནད་དོན་སྐོར་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་འཚོགས་གནང་ཡོད་པ་རེད་བཞག

གོང་ཞུས་བགྲོ་གླེང་ཚོགས་འདུ་དེའི་ཐོག་སོག་པོ་དང་ རྒྱ་གར་ ཨ་རི་ ཀོ་རི་ཡའ་ ཨུ་རུ་སུ་ ཁེ་ན་ཌ་ ཐེ་ལྦན་ ཉི་འོང་ ཧོ་ལན་ཌྲེ་  འཇར་མ་ནི་སོགས་ནས་མཁས་དབང་སུམ་ཅུ་སོ་བདུན་ཙམ་ཕེབས་ཏེ་རྩོམ་ཤོག་སྒྲོག་སྦྱང་དང་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད་ སྤྱི་ཚེས་༡༣ཉིན་ཐོག་མའི་དབུ་འབྱེད་མཛད་སྒོའི་ཐོག་ཚོགས་སྐོང་འགན་འཛིན་རང་བཙན་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་མཁས་དབང་ཀྲུལྦ་ཤིན་ཏག་ཡིས་གསུང་བཤད་གནང་བའི་རྗེས་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཕྱི་རྒྱལ་མཁས་དབང་དང་ བྱེ་བྲག་བོད་ཀྱི་མཁས་པ་ཚོའི་ཚབ་ཞུས་གནང་ཏེ་གསུང་བཤད་གནང་བའི་ནང་བོད་སོག་གཉིས་ཀྱི་ཐོུང་མ་ཡིན་པའི་ལོ་རྒྱུས་ཀྱི་འབྲེལ་བ་དང་ ད་ལྟའི་གནས་སྟངས་ཐེངས་འདིར་བགྲོ་གླེང་ཚོགས་འདུའི་དོན་སྙིང་དམིགས་སུ་བཏོན་གནང་ཡོད་པ་རེད་ 

དེ་རྗེས་ཚོགས་ཐེངས་དང་པོའི་ནང་མཁས་དབང་ཇེ་སྦོར་དང་ ཆུང་ཚེ་རིང་ལགས་ སྦ་སྦ་་ཡར་ སྦ་ས་ཡ་བཅས་ཀྱིས་རིམ་བཞིན་བོད་སོག་ཆིངས་ཡིག་གི་ལོ་རྒྱུས་ཀྱི་གལ་གནད་དང་ བོད་སོག་ཆིངས་ཡིག་གི་རྒྱབ་ལྗོངས་དང་གལ་གནད་ རྩོད་གཞི་ སྟོབས་ཆེན་རྒྱལ་ཁབ་ཚོས་བོད་སོག་ཆིངས་ཡིག་ལ་འཛིན་པའི་རྣམ་འགྱུར་ རྒྱལ་སྤྱིའི་འབྲེལ་ལམ་གྱི་ཁྲོད་དུ་བོད་སོག་ཆིངས་ཡིག་གི་གལ་གནད་བཅས་ཀྱི་སྐོར་རྩོམ་ཤོག་སྒྲོག་སྦྱང་གིས་བགྲོ་གླེང་གནང་ཡོད་པ་སོགས་ཚོགས་འདུས་རིམ་པ་ཁག་དྲུག་ཙམ་སྐོངས་འཚོགས་གནང་འདུག་  

ཐེངས་འདིའི་བགྲོ་གླེང་ཚོགས་འདུར་བཅའ་མཁན་བརྒྱ་ཆ་༩༩ཡིས་བོད་སོག་གི་ཆིངས་ཡིག་དེ་ཁྲིམས་མཐུན་ཡིན་པ་དང་ སྐབས་དེའི་བོད་སོག་གཉིས་ཀྱི་མངོན་འདོད་ངོ་མ་མཚོན་ཡོད་པའི་ངོས་འཛིན་གཅིག་མཐུན་གནང་ཞིང་ཚོགས་བཅར་བ་ཚོས་བོད་ཡིག་དང་ སོག་ཡིག་  རུ་སུའི་ཡི་གེ་ དབྱིན་ཡིག་ རྒྱ་ཡིག་སོགས་ཀྱི་དཔྱད་གཞི་ཁུངས་ལྡན་འབོར་ཆེན་ལ་བརྟེན་ནས་སྤྱི་ལོ་༡༩༡༣ལོའི་བོད་སོག་མཛའ་འབྲེལ་དང་ མཐུན་འགྱུར་གྱི་ཆིངས་ཡིག་ལ་དཔྱད་བརྗོད་གཏིང་ཟབ་གནང་ཐུབ་ཡོད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎