སོག་ཡུལ་གྱི་སྲིད་བློན་སྐུ་གཟུགས་བདེ་མིན་གྱིས་དགོངས་ཞུ།

སོག་ཡུལ་གྱི་སྲིད་བློན་མཆོག་སྐུ་གཟུགས་ཀྱི་གནས་བབ་རྐྱེན་གྱིས་སྲིད་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་དགོས་ཆགས་ཡོད་པ་རེད།

2009.10.26

༄༅༎སོག་ཡུལ་གྱི་སྲིད་བློན་མཆོག་སྐུ་གཟུགས་ཀྱི་གནས་བབ་རྐྱེན་གྱིས་སྲིད་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་དགོས་ཆགས་ཡོད་པ་རེད།

དེ་ཡང་སོག་ཡུལ་གྱི་སྲིད་བློན་སྦ་ཡར་སཱན་ཇ་མཆོག་ལ་ཧེ་པ་ཀྲའེ་ཀྲསི་སི་ཞེས་པའི་མཆིན་པའི་ན་ཚ་དེ་ཡོད་པ་དང་ཁོང་དེ་སྔོན་ཕྱི་རྒྱལ་དུ་ན་ཚ་དེ་བཅོས་ཆེད་ཕེབས་ཀྱང་དྲག་སྐྱེད་མ་བྱུང་བར་བརྟེན་བདུན་སྔོན་མ་དེར་སོག་ཡུལ་གྱི་སྨན་ཁང་ཞིག་ནང་བཞུགས་དགོས་གྱུར་ཡོད་པ་རེད།

སོག་ཡུལ་གྱི་ཨེམ་པི་ཨར་པི་ཞེས་པའི་ཚོགས་པའི་སྐུ་ཞབས་ཁུ་རེལ་སུཆ་ཨུ་ཁ་ཡིས་སྲིད་བློན་མཆོག་ལས་གནས་ནས་དགོངས་ཞུ་དེ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གི་བཀའ་འཁྲོལ་ཐོབ་དགོས་ཡོད་ལུགས་གསུངས་འདུག ཚོགས་པའི་འགོ་འཁྲིད་རྣམས་རེས་གཟའ་ལྷག་པའི་ཉིན་ལྷན་འཛོམས་གནང་ནས་གནད་དོན་དེའི་ཐད་ཇི་འགབ་གོ་བསྡུར་གནང་རྒྱུའི་འཆར་གཞི་ཡོད་པ་རེད། སྲིད་བློན་སྦ་ཡར་སཱན་ཇ་མཆོག་གི་དགོངས་ཞུའི་གནས་ཚུལ་དེ་ཁོང་གིས་ཉེ་སྔོན་ཟླ་བ་གཅིག་ཙམ་གོང་ཡུལ་གྱི་གསེར་དང་ཟངས་ཀྱི་གཏེར་ཁ་བསྔོག་འདོན་ཆེད་དངུལ་ཨ་སྒོར་འཐེར་འབུམ་བཞི་ཙམ་མ་གནས་ཀྱི་གན་རྒྱ་ཞིག་དབྱིན་ཇིའི་རི་ཨོ་ཀྲིན་ཊོ་ཞེས་པ་དང་ཁེ་ན་ཌའི་ཨི་ལྦན་ཧོ་ཞེས་པའི་ཁེ་གཉེར་ལས་ཁང་ཁག་གཉིས་དང་གན་རྒྱ་དེ་བཞག་གནང་བའི་རྗེས་བྱུང་བའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པ་རེད། གོང་ཞུས་ཡུལ་གྱི་གཏེར་ཁ་བསྔོག་འདོན་གྱི་གན་རྒྱ་དེ་ཡང་བསྐྱར་ནས་བསྐྱར་དུ་བཞགས་གནང་རྗེས་མཐར་གྲོས་ཚོགས་ཀྱི་བཀའ་འཁྲོལ་འོག་བཞག་ཐུབ་པ་བྱུང་ཡོད་པ་རེད། སྲིད་བློན་སཱན་ཇ་མཆོག་གི་ཨེམ་པི་ཨར་པི་ཞེས་པའི་སྲིད་དོན་ཚོགས་པ་དེས་སོག་ཡུལ་གྱི་གཞུང་ཕྱི་ལོ་༡༩༩༠བར་བསྐྱངས་གནང་ཡོད་པ་དང་ད་ལྟའི་ཆར་ཚོགས་པ་དེར་གྲོས་ཚོགས་ཀྱི་ཞབས་སྟེགས་གྲངས་༧༦ནས་ཞབས་སྟེགས་གྲངས་༤༦ཟིན་ཡོད་པ་དང་ཞབས་སྟེགས་གྲངས་༣༩སོག་ཡུལ་གྱི་དམངས་གཙོ་ཚོགས་པས་ཟིན་ཡོད་པ་རེད། སོག་ཡུལ་གྱི་སྲིད་འཛིན་གྱི་གོ་གནས་དེ་དམངས་གཙོ་ཚོགས་པའི་ཨེལ་སྦི་དོརྗ་ཚ་ཁི་ཡ་མཆོག་གིས་ཟིན་ཡོད་སྟབས་སོག་ཡུལ་གྱི་གཞུང་དེ་མཉམ་འབྲེལ་ཐོག་སྐྱོངས་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎