༸གོང་ས་མཆོག་དང་ཨེསི་ཀྲོ་ནི་ཡའི་བློན་ཆེན་མཇལ་འཕྲད་གནང་རྒྱུ།

༧གོང་ས་མཆོག་ཨེས་ཀྲོ་ནི་ཡའི་ནང་ཆིབས་བསྒྱུར་གནང་བའི་སྐབས་བློན་ཆེན་ཁག་ཅིག་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་འདུག

2011.08.06

༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨེས་ཀྲོ་ནི་ཡའི་ནང་ཆིབས་བསྒྱུར་གནང་བའི་སྐབས་བློན་ཆེན་ཁག་ཅིག་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་བཅུ་བཞི་ནས་ཕ་རན་སིའི་ནང་ཆིབས་བསྒྱུར་གྱིས་ཆོས་འབྲེལ་གྱི་མཛད་འཆར་ཁག་ཅིག་བསྐྱངས་གནང་གི་ཡོད་པ་དང་། དེ་ནས་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཨིས་ཏོ་ནི་ཡའི་ནང་ཆིབས་བསྒྱུར་གནང་གི་ཡོད་འདུག

དེ་ཡང་ཕ་ཡུལ་དྲ་གནས་ནང་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན། ༧གོང་ས་མཆོག་གི་ཁུལ་དེའི་ནང་གི་ཆིབས་བསྒྱུར་གོ་སྒྲིག་ཞུ་མཁན་ཆོས་ཚོགས་ཀྱི་འགན་འཛིན་ནས་གསར་འགོད་ལྷན་ཚོགས་ཐོག ༧གོང་ས་ཏཱ་ལའི་བླ་མ་མཆོག་ཨིས་ཏོ་ནི་ཡའི་ནང་ཕེབས་པའི་སྐབས་བློན་ཆེན་བཞི་ཙམ་དང་མཇལ་འཕྲད་གནང་རྒྱུ་མ་ཟད་ཚེས་བཅུ་བདུན་ཉིན་རྒྱལ་ས་ཏ་ལིན་ནང་། འཛམ་གླིང་ཀུན་ལ་ཁྱབ་པའི་འགན་འཁྲི་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག ཡང་ཁོང་གིས་མུ་མཐུད་ནས་༧གོང་ས་མཆོག་ཡུལ་འདིའི་ནང་ཆིབས་བསྒྱུར་གནང་རྒྱུར་རྒྱ་ནག་ནས་གནོན་ཤུགས་ཐེབས་དགོས་པའི་རྒྱུ་མཚན་གང་ཡང་མེད་ལུགས་གསུངས་དོན། ཨིས་ཏོ་ནི་ཡའི་རྒྱལ་ཁབ་འདི་བཞིན་རིན་ཐང་ལ་གུས་བཀུར་ཞུ་རྒྱུའི་སྲིད་བྱུས་འཛིན་མཁན་ཞིག་ཡིན་དུས༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་དང་མིའི་རིན་ཐང་གོང་འཕེལ་གཏོང་གནང་མཁན་ཞིག་ཡིན་པ་རེད། དེ་འདྲ་ཡིན་དུས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ལངས་ཕྱོགས་དང་མཐུན་པའི་མི་སྣ་ཞིག་ཀྱང་ཆགས་ཀྱི་ཡོད་རེད་ཅེས་གསལ་བཤད་གནང་ཡོད་འདུག

ཟླ་བ་སྔོན་མའི་ནང་། ༧གོང་ས་མཆོག་ཨ་མི་རི་ཀའི་ནང་ཆིབས་བསྒྱུར་མཛད་འཕྲིན་སྐབས་སུའང་སྲིད་འཛིན་ཨོ་བྷ་མ་མཆོག་དང་། གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མི་རྣམས་པ་དང་མཇལ་འཕྲད་གནང་བའི་སྐབས་སུའང་རྒྱ་ནག་གཞུང་ན་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་པ་ཞིག་རེད་ཅེས་སྐྱོན་བརྗོདཤུགས་ཆེ་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎