མཇར་མན་སྲིད་བློན་གྱིས་རྒྱ་ནག་ནང་རང་དབང་གླེང་འདུག


2014.07.08
མཇར་མན་སྲིད་བློན་གྱིས་པེ་ཅིནTsinghuaམཐོ་སློབ་ནང་གཏམ་བཤད་གནང་བཞིན་པ། ༢༠༡༤།༧།༨ མཇར་མན་སྲིད་བློན་གྱིས་པེ་ཅིནTsinghuaམཐོ་སློབ་ནང་གཏམ་བཤད་གནང་བཞིན་པ། ༢༠༡༤།༧།༨
AFP

རྒྱ་ནག་ནང་རང་དབང་གི་སྐད་ཆ་ཤོད་པའི་ཐོབ་ཐང་སོགས་དགོས་རྒྱུ་ནི་གལ་ཆེན་པོ་ཡིན་པ་སོགས་ཀྱི་གཏམ་བཤད་གནང་འདུག
དེ་ཡང་སྲིད་བློན་ལྕམ་Merkel ནི་དེ་སྔའི་ཤར་Germany དམར་ཤོག་འོག་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང་། ཁོང་གིས་སྤྱི་ཚེས་༨ཉིན་རྒྱལ་ས་པེ་ཅིང་ནང་གི་སྐད་གྲགས་ལྡན་པའི་Tsinghua མཐོ་རིམ་སློབ་གྲྭའི་ནང་རྒྱ་ནག་དང་Gemany ཐོབ་ཐང་ཞེས་པའི་བགྲོ་གླེང་ཞིག་ཚོགས་པའི་ཐོག་ལ་གཏམ་བཤད་གནང་བའི་ནང་། བགྲོ་གླེང་དེ་ནི་ང་ལ་མཚོན་ན་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་པ་དང། དེའི་རྒྱུ་མཚན་ནི། ལོ་ངོ་༢༥ གོང་ལ་དེ་སྔའི་ཤར་Gemany ནང་དུ་ཞི་བའི་གསར་བརྗེ་ཆེན་པོ་བྱུང་སྟེ་མཐར་ཞི་བའི་གསར་བརྗེའི་ལས་འགུལ་དེའི་ཐོག་ནས། དེ་སྔ་༡༩༦༡ ལོའི་ཕྱི་ཟླ་༣ ནང་ཤར་Gemany དམར་ཤོག་ཕྱོགས་ནས་Germany ཤར་ནུབ་གཉིས་དབར་ལ་གྱང་ཆེན་པོ་ཞིག་རྒྱབ་པ་དེ་༡༩༩༠ ལོའི་ཕྱི་ཟླ་༡༠ པའི་ཚེས་༣ ཉིན་གཏོར་ནས་Gemany ཤར་ནུབ་གཉིས་བསྐྱར་དུ་ཟླ་བསྒྲིལ་བཏང་བར་བརྟེན་ནས་དེ་རིང་ང་ཚོར་རང་དབང་གིས་སྐད་ཆ་ཤོད་པའི་ཐོབ་ཐང་དེ་བྱུང་ཡོད་པ་རེད། ད་དུང་ཡང་ངོས་ཀྱིས་བསམ་པར་འདི་ག་རྒྱ་ནག་ནང་དུའང་དེ་ལྟར་རང་དབང་གི་སྐད་ཆ་ཤོད་པའི་ཐོབ་ཐང་དགོས་རྒྱུ་ནི་གལ་ཆེན་པོ་ཡིན་པ་ངོས་འཛིན་ཞུ་གི་ཡོད་ཅེས་རྒྱ་ནག་གི་སློབ་ཕྲུག་ཚོར་སྨྲ་བརྗོད་ཀྱི་རང་དབང་དགོས་པ་སོགས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་བཀའ་མོལ་གནང་ཡོད་པ་རེད།
ལྕམ་Angele Merkel མཆོག་གིས་༢༠༠༧ ལོར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་Germany དུ་ཆིབས་བསྒྱུར་བསྐྱངས་པའི་སྐབས་མཇལ་འཕྲད་ཞུས་པར་བརྟེན་ནས་སྐབས་དེར་རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་བྱུང་སྟེ་དབུ་ཁྲིད་རྣམས་གཉིས་ཀྱི་མཇལ་འཕྲད་ཀྱི་གྲོས་མོལ་གནང་བ་དེ་ནི་ཁ་བྲལ་རིང་ལུགས་པའི་གྲོས་མོལ་རེད་ཅེས་སྐྱོན་བརྗོད་བྱེད་མྱོང་ཡོད་པ་རེད།  

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎