དྲུག་བཞིའི་དུས་དྲན་ལ་བརྒྱུད་ལམ་དམ་བསྒྲགས།

དྲན་གསོའི་དུས་ཚིགས་རིང་གསར་འགྱུར་བརྒྱུད་ལམ་དང་འཕྲིན་གཏོང་དྲ་རྒྱའི་ཐོག་དྲུག་བཞིའི་གནས་ཚུལ་གཏོང་སྤེལ་མི་ཆོག་པའི་དམ་བསྒྲགས།

2009.06.05

༄༅༎རྒྱ་ནག་གཞུང་གིས་དེ་སྔ་༡༩༨༩ལོའི་དམངས་གཙོའི་སློབ་ཕྲུག་ཐོག་དྲག་གནོན་བྱས་ཏེ་མི་ལོ་ཉི་ཤུ་འཁོར་བའི་དྲན་གསོའི་དུས་ཚིགས་རིང་གསར་འགྱུར་བརྒྱུད་ལམ་དང་འཕྲིན་གཏོང་དྲ་རྒྱའི་ཐོག་དྲུག་བཞིའི་གནས་ཚུལ་གཏོང་སྤེལ་མི་ཆོག་པའི་དམ་བསྒྲགས་བྱས་ཡོད་པ་རེད།

རེས་གཟའ་ཕུར་བུའི་ཉིན་དྲུག་བཞིའི་དོན་རྐྱེན་གྱི་ལོ་ཉི་ཤུ་འཁོར་བའི་ཉིན་མོ་ཡིན་པར་བརྟེན་ནས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་སྲུང་སྐྱོབ་ཧ་ཅང་གི་དམ་བསྒྲགས་བྱས་ཏེ་མི་དམངས་ཀྱིས་དྲུག་བཞིའི་དོན་རྐྱེན་དེར་དྲན་གསོ་བྱ་རྒྱུར་བཀག་འགོག་བྱས་ཡོད་པ་མ་ཟད་དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་དྲན་གསོའི་ཉིན་མོ་དེའི་སྐོར་གྱི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་དང་འཕྲིན་གཏོང་དྲ་རྒྱའི་ཐོག་བཀོད་མི་ཆོག་པའི་དམ་བསྒྲགས་བྱས་ཡོད་པ་རེད། ད་དུང་དྲན་གསོའི་ཉིན་མོ་དེ་མ་ཟིན་གོང་ནས་གཟའ་འཁོར་འདིའི་འགོ་སྟོད་ནས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་དར་གསོ་ཆེ་བ་དང་དགའ་མོས་བྱེད་ཡུལ་གྱི་འཕྲིན་གཏོང་དྲ་རྒྱ་དཔེར་ན་སྤྱི་ཚོགས་ལས་དོན་དྲ་རྒྱ་སོགས་ལྟ་ཀློག་མི་ཆོག་པའི་བཀག་འགོག་བྱས་པ་མ་ཟད་དེ་རིང་རེས་གཟའ་པ་སངས་ཉིན་དྲ་རྒྱ་དེ་དག་མུ་མཐུད་བཀག་འགོག་བྱེད་བཞིན་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་འབྲེལ་གྱི་དབྱིན་ཡིག་གསར་ཤོག་ཐོག་ལ་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་དྲུག་བཞིའི་དོན་རྐྱེན་དེར་དྲན་གསོ་གནང་སྟེ་སྐབས་དེའི་དྲག་གནོན་འོག་འདས་གྲོངས་སུ་ཕྱིན་པ་དང་གར་སོང་ཆ་མེད་དུ་གྱུར་བའི་མི་དམངས་ཚོར་གུན་གསབ་འཇལ་དགོས་པའི་སྐོར་གསུང་པའི་བཀའ་མོལ་དེར་ངོ་རྒོལ་གྱི་རྣམ་པ་མཚོན་པའི་གནས་ཚུལ་ཐུང་ཇུ་ཞིག་བཀོད་ཡོད་པ་ལས་ཞིབ་ཕྲ་དྲག་གནོན་གྱི་སྐོར་གནས་ཚུལ་གང་ཡང་བཀོད་མེད་པ་རེད། ད་དུང་རྒྱ་ནག་གཞུང་ཕྱི་སྲིད་ལྷན་ཁང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་ལ་ཁ་ས་རེས་གཟའ་ཕུར་བུ་ཉིན་དྲུག་བཞིའི་དོན་རྐྱེན་གྱི་དྲན་གསོའི་ཉིན་མོར་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་སྐོང་ཚོགས་བྱས་པའི་ཐོག་ཕྱི་རྒྱལ་གསར་འགོད་པ་དྲུག་བཞིའི་དྲག་གནོན་གྱི་དོན་རྐྱེན་དེའི་སྐོར་སྐད་ཆ་དྲིས་པའི་གནས་ཚུལ་ཡོངས་རྫོགས་བཀོད་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎