འབར་མའི་ནང་གསར་བརྗེའི་ལས་འགུལ་ཡོང་སྲིད་པའི་ཉེན་བརྡ།
2011.06.03
༄༅༎ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇོན་མེ་ཀེན་གྱིས་འབར་མའི་ནང་ཉེ་བའི་ཆར་ཨ་རབ་ཡུལ་གྲུ་ཁག་ནང་བྱུང་བའི་གསར་རྗེའི་ལས་འགུལ་ཡོང་སྲིད་པའི་ཉེན་བརྡ་བཏང་གནང་འདུག
དེ་རིང་གཟའ་པ་སངས་ཉིན་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་མེ་ཀེན་གྱིས་འབར་མ་གཞུང་གིས་ཡུལ་གྱི་ཆབ་སྲིད་གནས་བབ་ལ་བསྒྱུར་་བཅོས་དང་ འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་མ་གཏང་ཚེ་ འབར་མའི་ནང་ཨ་རབ་ཡུལ་ཁག་དུ་བྱུང་བའི་གསར་རྗེའི་ལས་འགུལ་གྱི་ལྷགས་ཕྱོགས་དེ་འབར་མའི་ནང་ཡོང་རྒྱུའི་ཉེན་ཚབས་ཆེན་པོ་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་པ་རེད་ སྐུ་ཞབས་ཇོན་མེ་ཀེན་དེང་སྐབས་འབར་མའི་ནང་ཕེབས་བཞིན་པ་དང་ ཁོང་གིས་གཟའ་ལྷག་པའི་ཉིན་འབར་མའི་གཞུང་གསར་པའི་དཔོན་རིགས་དང་མཇལ་འཕྲད་གནང་ཏེ་ འབར་མ་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་ཁྱི་རིང་མིན་འབར་མའི་ས་ཁུལ་ཁག་ནང་གཟིགས་སྐོར་དུ་ཕེབས་འཆར་ཡོད་པར་བརྟེན་ནས་ འབར་མ་གཞུང་གིས་ཁོང་གི་བདེ་འཇགས་ཐོག་འགན་ལེན་དགོས་པའི་འབོད་སྐུལ་གནང་བ་དང་འབྲེལ་ འབར་མའི་གཞུང་གསར་པའི་དཔོན་རིགས་ཚོ་དང་མཇལ་འཕྲལ་གནང་བའིབ་རྒྱུད་རིམ་ནས་ འབར་མ་གཞུང་གིས་ཨ་རི་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་འདུན་པ་ཡོད་པ་གསལ་སྟོན་གནང་ཡོད་ཀྱང་ ཡིན་ནའི་ད་ལྟའི་ཆར་འབར་མའི་ནང་ཆབ་སྲིད་ཀྱི་བཙོན་པ་ཉིས་སྟོང་ཙམ་ཡོད་མུས་ཡིན་པར་བརྟེན་ འབར་མའི་ཐོག་བསྐྱལ་བའི་དཔལ་འབྱོར་གྱི་ཉེས་ཆད་ཕྱིརའ་ཐེན་བྱ་རྒྱུ་སྔ་དྲག་པའི་སྐོར་གསུང་འདུག འོན་ཀྱང་འབར་མའི་ཕྱི་སྲིད་བློན་ཆེན་ལྦུན་ན་མོང་ལིལྦིན་ཡིས་ འབར་མའི་ནང་ཆབ་སྲིད་བཙོན་པ་གཅིག་ཀྱང་མེད་ལུགས་སྐུ་ཞབས་མེག་ཁན་ལ་འགྲེལ་བརྗོད་བྱས་པའི་སྐོར་འབར་མ་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་བཀོད་སྤེལ་བྱས་ཡོད་འདུག