རྒྱ་ནག་ཧུའུ་ནན་ཏུ་ཁྲིམས་ཁང་ནང་མི་གསོད་དོན་རྐྱེན།

རྒྱ་ནག་ཧུའུ་ནན་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་ནང་ལག་ཏུ་མེ་མདའ་འཁྱེར་བའི་མི་ཞིག་གིས་མི་གྲངས་གསུམ་རྐྱེན་ལམ་དུ་བཏང་ཡོད་འདུག

2010.06.02

༄༅༎རྒྱ་ནག་ཧུའུ་ནན་ཞིང་ཆེན་ཁོངས་ཀྱི་ཡུང་ཀྲའུ་ཞེས་པའི་ས་གནས་ཀྱི་ཁྲིམས་ཁང་ཞིག་ནང་ལག་ཏུ་མེ་མདའ་འཁྱེར་བའི་མི་ཞིག་གིས་  ཁྲིམ་རའི་ཚོགས་པའི་སྐབས་མེ་མདའ་གང་བྱུང་གིས་རྒྱབ་ནས་ཁྲིམས་དཔོན་དང་ ཁྲིམས་དཔོན་གཞོན་པ་ ཁྲིམས་རའི་གནས་ཚུལ་ཐོ་བཀོད་བྱེད་མཁན་བཅས་མི་གྲངས་གསུམ་རྐྱེན་ལམ་དུ་བཏང་ཡོད་པ་དང་ དེ་མིན་མི་གཞན་ཁག་ཅིག་ལ་རྨས་སྐྱོན་ཕོག་པའི་ཁར་མེ་མདའ་རྒྱབ་མཁན་ཁོ་པ་རང་ཉིད་ཡང་རང་ཤི་རྒྱབ་པའི་གནས་ཚུལ་བྱུང་ཡོད་འདུག

གོང་ཞུས་ཀྱི་གནས་ཚུལ་དེ་བཞིན་ཕྱི་ཚེས་༡ཉིན་གྱི་སྔ་དྲོ་བྱུང་བ་ཞིག་ཡིན་པ་དང་དེ་རིང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་ མེ་མདའ་རྒྱབ་མཁན་དེ་བཞིན་རང་ལོ་༤༦ལ་སོན་པའི་ཀྲུའུ་ཅུན་ཟེར་བ་ཞིག་ཡིན་ཞིང་ ཁོ་པ་ཡུང་ཀྲའུ་ས་གནས་ཀྱི་ལིན་ལེན་ཟེར་བའི་ས་ཁུལ་གྱི་ཡིག་ཟམ་ལས་ཁུངས་ཀྱི་བདེ་འཇགས་རུ་ཁག་གི་རུ་དཔོན་ཡིན་པ་དང་ ཁོ་པར་ཕ་མ་གཉིས་ཀ་ཡོད་པ་མ་ཟད་བུ་ཞིག་ཡོད་པ་དེ་ཡང་དམག་མི་ཡིན་པ་དང་ ལོ་གསུམ་གྱི་གོང་བཟའ་ཟླ་དང་ཁག་ཁག་བྱས་པ་ཞིག་ཡིན་པ་རེད་

ཁྲིམས་ཁང་ནང་མེ་མདའ་རྒྱབ་མཁན་གྱི་ཀྲུའུ་ཅུན་ཟེར་བ་དེས་ལོ་གསུམ་གོང་བཟའ་ཟླ་དང་ཁག་ཁག་བྱེད་པའི་སྐབས་དཔལ་འབྱོར་མགོ་ཤ་རྒྱབ་རྒྱུར་མི་མཐུན་པའི་རྐྱེན་གྱིས་ཁྲིམས་ཁང་དུ་གཏུགས་པའི་སྐབས་ཁྲིམས་ཁང་ནས་ཁོང་གཉིས་ཀྱི་གྱོད་དོན་ཐོག་ཁྲིམས་ཞིབ་བྱས་ནས་ ཀྲུའུ་ཅུན་གྱིས་ཁོ་པའི་བཟའ་ཟླར་མི་མང་ཤོག་སྒོར་ཁྲི་གཉིས་ཀྱི་གུན་གསབ་སྤྲོད་དགོས་རྒྱུའི་ཐག་གཅོད་བྱས་པར་བརྟེན་ནས་ ཁྲིམས་ཁང་གི་ཐག་གཅོད་ལ་མི་འདོད་པར་ཁོང་ཁྲོ་བྱས་ནས་ད་རེས་ཀྱི་དོན་རྐྱེན་དེ་སླང་བ་ཞིག་ཡིན་པ་རེད་

རྒྱ་ནག་ནང་ཉེ་བའི་ཆར་ཁྲིམས་འཛིན་ལས་རིགས་ཀྱི་ལས་བྱེད་ཚོར་གཏོར་རྒོལ་གྱི་གྱོད་དོན་མི་ཉུང་བ་ཞིག་ཐོན་ཡོད་པ་དང་ཉེ་དུས་པེ་ཅིན་གྱི་གཞོན་ནུ་ཞིག་གིས་ཉེན་རྟོག་པས་མནར་གཅོད་བཏང་བར་མི་འདོད་པར་ ཧྲང་ཧད་ཉེན་རྟོག་ལས་ཁང་ནང་འཛུལ་ནས་ཉེན་རྟོག་པར་གྲི་རྒྱབ་པའི་གྱོད་དོན་བྱུང་ཡོད་པ་དང་ཡིན་ནའི་ཁྲིམས་ཁང་ནང་མེ་མདའ་འཁྱེར་ནས་ཁྲིམས་དཔོན་དམར་བསད་བཏང་བའི་གྱོད་དོན་དེ་རིགས་ད་རེས་ཐོན་པ་ཐོག་མ་དེ་ཡིན་པ་རེད་  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎