ཨ་རིའི་བྱང་ཤར་ཁུལ་གངས་ཤུགས་ཆེ་བབས་པ།
2011.01.27
༄༅༎རེས་གཟའ་མིག་དམར་དང་རེས་གཟའ་ལྷག་པའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོོག་དང་ནིའུ་ཇར་སི། མེ་ས་ཅུ་སི་སོགས་མངའ་ཁུལ་ཁག་ཅིག་ལ་གངས་ཨིན་ཅི་བཅོ་ལྔ་ཙམ་བབས་ནས་མི་མང་གི་འགྲུལ་ཞུད་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དེ་ནི་ཟླ་བ་འདིའི་ནང་གངས་འདི་འདྲ་བབས་པ་འདས་པའི་ལོ་ངོ་བརྒྱད་བཅུའི་ནང་བྱུང་མྱོང་མེད་པའི་འགྲེལ་བརྗོད་བྱས་འདུག
དེ་དང་ཕྱོགས་མཚུངས་མངའ་ཁུལ་ཕི་ལ་དྲེལ་ཕི་ཡ་དང་། སྦལ་ཊི་མོར་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་བཅས་པའི་ནང་དུའང་ཁ་ས་རེས་གཟའ་ཕུར་བུའི་ཉིན་རྒྱབ་གློ་བུར་དུ་དུས་ཚོད་འཐུང་ཐུང་ཞིག་ནང་གངས་བསྟུད་མར་བབས་ནས་ལས་ཁུངས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ཚོར་ཆུ་ཚོད་བཞི་ལྔ་ལམ་བར་འགགས་ནས་དཀའ་ངལ་ཆེན་པོ་འཕྲད་པ་དང་། གནམ་གྲུའི་ནང་འགྲུལ་ཞུད་བྱེད་མཁན་ཚོར་ཡང་དུས་ཐོག་འགྲོ་འོང་བྱེད་མ་ཐུབ་པའི་དཀའ་ངལ་འཕྲད་ཡོད་པ་རེད། ད་རིང་རེས་གཟའ་ཕུར་བུའི་ཉིན་སློབ་གྲ྄་ཕལ་ཆེར་སྒོ་རྒྱབ་པ་དང་། ལས་ཁུངས་སོགས་ཀྱང་རྒྱལ་སའི་ནང་སྒོ་རྒྱབ་དགོས་བྱུང་ཡོད་པ་རེད།།