༸གོང་ས་མཆོག་མེ་ཌི་སེན་དུ་ཞབས་སོར་འཁོད་གནང་མཛད་པ།

༸གོང་ས་མཆོག་ཨ་རིའི་མངའ་སྡེ་ལྦིསི་ཀོན་སིན་གྱི་གྲོང་ཁྱེར་མེ་ཌི་སེན་དུ་རེས་གཟའ་པ་སངས་ཀྱི་སྔ་དྲོ་ཞབས་སོར་འཁོད་གནང་མཛད་འདུག

2008.07.19

༄༅༎ཨ་རིའི་མངའ་སྡེ་པེན་སིལ་ལྦེ་ནི་ཡ་དང་ནིའུ་ཡོག་གྲོང་ཁྱེར་བཅས་ནང་གི་ཆིབས་བསྒྱུར་མཛད་འཆར་ལེགས་གྲུབ་རྗེས་ བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མངའ་སྡེ་ལྦིསི་ཀོན་སིན་གྱི་གྲོང་ཁྱེར་ མེ་ཌི་སེན་དུ་རེས་གཟའ་པ་སངས་ཀྱི་སྔ་དྲོ་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད་

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེའི་གནམ་ཐང་དུ་ཞབས་སོར་འཁོད་སྐབས་ མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་ ཕེ་རེདྲ་རི་སར་ དང་ རི་དྭགས་ཚལ་བོད་ཀྱི་ནང་པའི་ཆོས་ཚོགས་ཀྱི་མཁན་པོ་སེར་བྱེས་དགེ་བཤེས་ལྷུན་གྲུབ་བཟོད་པ་ལགས་ བརྟན་བཞུགས་གོ་བསྒྲིགས་ཚོགས་ཆུང་གི་ཚོགས་གཙོ་བཀྲ་ཤིས་རྣམ་རྒྱལ་ལགས་དང་ ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་བློ་བཟང་བསྟན་འཛིན་ལགས་བཅས་ཕེབས་བསུར་བཅར་ཡོད་འདུག་པ་དང་ རི་དྭགས་ཚལ་ནང་པའི་ཆོས་ཚོགས་སུ་བོད་མི་བརྒྱ་ཕྲག་མང་པོས་ཕེབས་ལམ་དུ་སེར་སྒྲེངས་སྒྲིགས་སྟེ་ཕེབས་བསུ་ཞུས་ཡོད་པ་རེད་ གཟའ་སྤེན་པའི་ཕྱི་དྲོ་ མེ་ཌི་སེན་གྲོང་ཁྱེར་དུ་ཡོད་པའི་ ཨེ་ལ་ཡེན་ཀྲི་ ཨེ་ནར་ཇི་ ཟེར་བའི་ཚོགས་ཁང་ཆེན་མོ་དེའི་ནང་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་ཅིང་ ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་ཁུལ་འདིའི་ནང་ཆིབས་བསྒྱུར་ཞབས་སོར་འཁོད་དོན་གཙོ་བོ་ནི་ བྱང་ཨ་མི་རི་ཀའི་ཁུལ་དུ་གནས་པའི་བོད་མི་ཡོངས་དང་ དགེ་བཤེས་བཟོད་པ་ལགས་ཀྱིས་དབུ་འཁྲིད་པའི་རི་དྭགས་ཚལ་ནང་པའི་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ཁུལ་དུ་གནས་སྡོད་བོད་མི་རྣམས་ནས་བཀྲིན་རྗེས་དྲན་ཞུ་སླད་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ་དང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉིན་གྲངས་བཞིའི་རིང་སྤྱོད་མཇུག་ཆེན་མོ་དང་ སྒོམས་རིམ་བར་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུ་དེ་ཡིན་པ་རེད་

རེས་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཧི་མ་ལ་ཡའི་ནང་པའི་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ རེ་ཌི་ཡོ་སི་ཊི་ ཞེས་པའི་ཚོགས་ཁང་གྲགས་ཅན་དེའི་ནང་ ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་གསུང་ཆོས་སྩལ་གནང་མཛད་པ་དང་ སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དད་ལྡན་ཆོས་ཞུ་བ་གཙོ་བོ་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པའི་མི་རིགས་ཚོར་ ནང་ཆོས་སློབ་གཉེར་བྱེད་སྟེ་དུས་རབས་ཉི་ཤུ་རྩ་གཅིག་པའི་ཆོས་པ་ཞིག་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎