ཐའེ་ལྦན་གྱི་སྲིད་འཛིན་མ་ཡིང་ཅུའུ་ལ་རྒྱལ་ཁ་ཐོབ་ཡོད་པ།
2012.01.14
༄༅༎ཐའེ་ལྦན་གྱི་སྤྱི་ལོ་༢༠༡༢་ལོའི་སྲིད་འཛིན་འོས་འདེམས་ཀྱི་འགྲན་རྩོད་ནང་ད་ལྟའི་སྲིད་འཛིན་ལས་ཐོག་གོ་མིང་ཏང་ཚོགས་པའི་སྲིད་འཛིན་འོས་མི་མའ་དབྱིང་ཅུའུ་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།
འདི་ཟླའི་ཚེས་༡༤་ཉིན་འོས་ཤོག་འཕེན་པའི་བྱེད་སྒོ་དེ་ས་གནས་ཀྱི་ཚོུད་༤་ཙམ་ལ་མཇུག་བསྒྲིལ་བ་དང་། ཐོག་མའི་འོས་ཤོག་གྲངས་བཤེར་སྐབས་མའ་དབྱིང་ཅུའུ་ལ་འོས་གྲངས་མང་མོས་ཐོབ་མུས་སུ་གནས་མཐར་འོས་གྲངས་འབུམ་བརྒྱད་ལ་སླེབས་ནས་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཚའེ་དབྱིན་ལྦོན་ཕམ་ཉེས་སུ་ཕྱིན་འདུག མའ་དབྱིན་ཅུའུ་ཡིས་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲཌ་བྱས་རྗེས་དེ་མཚུངས་ཚའི་དབྱིན་ལྦོན་གྱིས་ཕམ་ཉེས་བྱུང་བ་ཁས་ལེན་བྱས་ཡོད་པ་དང་འབྲེལ་ཁོང་གིས་ད་ལམ་སྲིད་འཛིན་འོས་མིའི་འགྲན་རྩོད་ནང་ཕམ་ཉེས་བྱུང་བའི་འགན་ཡོངས་རྫོཌ་ཁུར་ལེན་བྱེད་རྒྱུ་མ་ཟད། དམངས་གཙོ་ཡར་ཐོན་ཚོགས་པའི་ཚོཌ་གཙོ་ནས་དགོངས་ཞུ་བྱེད་རྒྱུའི་རྣམ་པ་ཡང་བསྟན་པ་དང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་སེམས་མ་ཞུམ་པར་དམངས་གཙོ་ཡར་ཐོན་ཚོགས་པ་བསྐྱར་དུ་ལངས་ཐུབ་པ་བྱེད་དགོས་པའི་རེ་བ་ཡང་བཏོན་འདུག
དེ་བཞིན་སྲིད་འཛིན་འགྲན་རྩོད་དེའིེ་ནང་ཞུགས་མཁན་་དམངས་གཅེས་ཚོགས་པའི་འོས་མི་སུའང་ཁྲུའུ་ཡུའུ་ཡིས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཐུཌ་རྗེ་ཆེ་ཞུ་བ་དང་ཆབས་ཅིག ཐའེ་ལྦན་ལ་སྟོབས་ཤུགས་གསུམ་པ་ཞིག་གནས་ཡོད་པ་མཐའ་འཁྱོངས་བྱེད་དགོས་པའི་རྣམ་པ་བསྟན་འདུག རྒྱལ་ཁ་ཐོབ་པའི་སྲིད་འཛིན་མའ་དབྱིན་ཅུའུ་ཡིས་གསར་འགོད་ལྷན་ཚོགས་ཐོག་མཚོ་འགག་གཉིས་བར་གྱི་འབྲེལ་བའི་སྐོར་གླེང་སྟེ་སླད་རྒྱ་ནག་སྐམ་ས་ཆེན་པོ་དང་མཉམ་ལས་དང་ཕན་ཚུན་ཡིད་ཆེས་བྱས་ཏེ་མཚོ་འགག་གཉིས་བར་རྙོག་དྲ་ཆེན་པོ་མི་ལྷག་རྒྱུའི་འགུལ་ཕྱོགས་ལ་སྔར་བས་སྐུལ་འདེད་གཏང་རྒྱུ་ཡིན། ཡིན་ནའང་ཀྲུང་ཧ་མིང་གོ་ཡི་བདག་དབང་རང་བཙན་དང་ཆ་ཚངས་ལ་མུ་མཐུད་ལ་སྲུང་སྐྱོང་དང་ཐའེ་ཝན་མི་དམངས་ཀྱི་ཆེ་ཐོངས་ལ་སྟོབས་ཤུགས་ཡོད་རྒུས་སྲུང་འཛིན་བྱེད་རྒྱུའི་རྣམ་པ་བསྟན་འདུག།