སྲིད་སྐྱོང་མཆོག་ནས་བོད་མི་ཡོངས་ལ་ལོ་གསར་འཚམས་འདྲི།


2016.02.05
སྲིད་སྐྱོང་མཆོག་ནས་བོད་མི་ཡོངས་ལ་ལོ་གསར་འཚམས་འདྲི་གནང་ཡོད་པ།༡ བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་ལ་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་གནང་ཡོད་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་ལ་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུས་གནང་བཞག  དེ་ཡང་སྲིད་སྐྱོང་མཆོག་གིས་འཚམས་འདྲི་གནང་བའི་ནང་འཁོད་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་དབུ་ཁྲིད་རྣམ་པ། གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་སྤུན་ཟླ་རྣམ་པ། རྒྱ་གར་གཞུང་དམངས་གཉིས་དང་། འཛམ་གླིང་ཁྱོན་དུ་གནས་པའི་བོད་ཀྱི་གྲོགས་པོ་ཡོངས་བཅས་ལ་བོད་རྒྱལ་ལོ་ ༢༡༤༣ རབ་གནས་མེ་སྤྲེལ་ལོའི་གནམ་ལོ་གསར་ཚེས་ལ་བཀའ་ཤག་དང་། སྲིད་སྐྱོང་སྒེར་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལོ་གསར་ནི་བོད་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་ཧ་ཅང་གལ་ཆེན་པོ་ཞིག་རེད། ཚང་མས་སྲུང་བརྩི་ཞུ་བ་ཙམ་དུ་མ་ཟད། བོད་མིའི་ཡ་རབས་བཟང་སྤྱོད་མཚོན་པའི་རྩ་ཆེ་བའི་ཆོས་དང་རིག་གཞུང་། གོམས་སྲོལ་བཟང་པོ་དེ་དག་རྩ་བརླག་ཏུ་མ་འགྲོ་བའི་ཆེད་དུ་གང་ཐུབ་མི་རབས་རྒན་པ་ཚོས་གཞོན་སྐྱེས་ཚོར་ངོ་སྤྲོད་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་བཞག
ཡང་སྲིད་སྐྱོང་མཆོག་གིས་ སྤྱི་ཡོངས་ནས་ང་ཚོས་སྤྱི་མཐུན་བསོད་ནམས་ཁྱོག་པ་ཡིན་ན་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་རིང་པོར་བརྟན་པར་ཐུགས་ཁྲལ་གནང་དགོས་མ་རེད་ཅེས་གསུངས་བཞག མཐའ་དོན་སྲིད་སྐྱོང་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་མྱུར་དུ་དྭངས་གསལ་ཐོག་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཞི་བདེ་བྱུང་བ།  གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་གི་ཉི་མ་ཤར་བ་སྨོན་འདུན་གནང་བཞག།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎