ཨ་རིའི་ནང་ངོ་མཚར་ཅན་གྱི་བོད་ཀྱི་རིག་གཞུང་སྒྱུ་རྩལ་སྐོར་བསྐྱོད།


2015.08.05
འབྲས་སྤུངས་བློ་གསལ་གླིང་གྲ་ཚང་གི་དགེ་འདུན་པ་ཁག་ཅིག་གིས་ཨ་མི་རི་ཀའི་ནང་བོད་ཀྱི་རིག་གཞུང་སྒྱུ་རྩལ་སྐོར་བསྐྱོད་གནང་བཞིན་པ། ༢༠༡༥།༨།༤ འབྲས་སྤུངས་བློ་གསལ་གླིང་གྲ་ཚང་གི་དགེ་འདུན་པ་ཁག་ཅིག་གིས་ཨ་མི་རི་ཀའི་ནང་བོད་ཀྱི་རིག་གཞུང་སྒྱུ་རྩལ་སྐོར་བསྐྱོད་གནང་བཞིན་པ། ༢༠༡༥།༨།༤
ཀླུ་འབུམ།/RFA

འབྲས་སྤུངས་བློ་གསལ་གླིང་གྲ་ཚང་གི་དགེ་འདུན་པ་ཁག་ཅིག་གིས་ཨ་མི་རི་ཀའི་ནང་ངོ་མཚར་ཅན་གྱི་བོད་ཀྱི་རིག་གཞུང་སྒྱུ་རྩལ་སྐོར་བསྐྱོད་གནང་བཞིན་པ།
དེ་ཡང་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གྲ་ཚང་གི་དགེ་འདུན་པ་ཁག་ཅིག་གིས་ཨ་མི་རི་ཀའི་ནང་ངོ་མཚར་ཅན་གྱི་བོད་ཀྱི་རིག་གཞུང་སྒྱུ་རྩལ་སྐོར་བསྐྱོད་གནང་བཞིན་པ་དང་། ཁོང་རྣམ་པས་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་གྱི་ཉེ་འཁྲིས་སུ་ཡོད་པའི་ཝིར་ཇི་ནི་ཡའི་མངའ་སྡེའི་ནང་འདི་ཚེས་༤ནས་འགོ་འཛུགས་ཀྱིས་ཚེས་༩བར། མང་ཚོགས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་རིག་གཞུང་གཟིགས་འབུལ་ཞུ་བཞིན་པ་རེད།
འདིའི་སྐོར་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། ཐེངས་འདིའི་རིག་གཞུང་གཟིགས་འབུལ་དེ་བཞིན་ཝིར་ཇི་ནི་ཡའི་ནང་ཡོད་པའི་ཡེ་ཤུའི་ལྷ་ཁང་Unity of Fairfaxཞེས་བའི་ནང་གོ་བསྒྲིགས་གནང་ཡོད་པ་ལྟར། འདི་ཚེས་༤ཉིན་གྱི་དགོང་དྲོ་ལས་དོན་འདིའི་ཆེད་ཕེབས་པའི་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ཞལ་གྲངས་༡༡ དང་། དེ་བཞིན་སྐབས་དེར་འདུ་འཛོམས་བྱུང་བའི་མང་ཚོགས་རྣམས་ཀྱིས་དབུ་འབྱེད་ཀྱི་མཛད་སྒོ་ཞིག་གནང་ཡོད་པ་དང༌། དེ་ནས་རིམ་པས་འདི་ཚེས་༩བར་དགེ་འདུན་པ་རྣམ་པས་མང་ཚོགས་ལ་སངས་རྒྱས་སྨན་ལྷའི་རྡུལ་མཚོན་གྱི་དཀྱིལ་འཁོར་བཞེངས་སྟངས་དང༌། འདོན་རྟ་དབྱངས། ནང་ཆོས་དང་འབྲེལ་བའི་རོལ་དབྱངས་སོགས་ཀྱི་གཟིགས་འབུལ་རྒྱུ་ཡིན་པ་རེད།
དེ་དག་གི་དམིགས་ཡུལ་ནི། མང་ཚོགས་ཀྱི་སེམས་ནང་རྩ་བརླག་འགྲོ་ཉེན་ཡོད་པའི་བོད་ཀྱི་རིག་གཞུང་ཐོག་དོ་སྣང་བསྐྲུན་རྒྱུ་དང༌། དེ་བཞིན་རྒྱ་གར་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོའི་ཐོག་རྒྱབ་སྐྱོར་སོན་ཐབས་ཀྱི་ཆེད་དུ་ཡིན་པ་འཁོད་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎